[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ས་ཁམས་གནས་ཚུལ།
  • གཟིམ་ཤག་ལྷ་ཀླུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-27


    微信图片_20190627172125.jpg

    གནས་ཡུལ། རྩེ་ཕོ་བྲང་དམར་པོའི་བྱང་ཕྱོགས་འདམ་རའི་ལམ་དུ་གནས། 

    གོ་དོན། ལྷ་ཀླུ་ནི་ལྷ་དང་ཀླུ་གཉིས་ཀྱི་བསྡུས་མིང་།

    འབྱུང་ཁུངས། ལྷ་ཀླུ་གཞིས་ཀ་ནི་ལྷ་སའི་འདམ་ར་དང་འབྲེལ་ནས་ཡོད་པས་ས་ཆ་འདི་ཉིད་ཆུ་མིག་གང་སར་ཁྱབ་ཅིང་། སྤང་ལྗོངས་ཡིད་དབང་འཕྲོག་པ། རི་སྐྱེས་མེ་ཏོག་རྣམ་པར་བཀྲ་བའི་ཡུལ་ཁྱད་དུ་འཕགས་པ་ཞིག་ཡིན་པས། ལྷ་མོ་དང་ཀླུ་མོ་རྩེད་འཇོར་རོལ་སའི་དགའ་ཚལ་ལྟ་བུ་ཡིན་ཙ་ན་ལྷ་ཀླུ་ཞེས་མིང་ཐོགས།

    འཕེལ་འགྱུར། དུས་རབས་བཅུ་བདུན་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་གནས་འདིར་སྤྲོ་གསེང་དུ་ཡང་ཡང་ཕེབས་ཀྱི་ཡོད་ཅིང་། ཆུ་མིག་གིས་མཐའ་སྐོར་བའི་དབུས་ཀྱི་ས་ཆ་ཞིག་ལ་ཐོག་བརྩེགས་གསུམ་ཅན་གྱི་སྤྲོ་ཁང་ཞིག་ཀྱང་བརྒྱབ་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐབས་སུ་ཁོང་གི་ཡབ་གཞིས་ལྷ་ཀླུ་དགའ་ཚལ་དུ་བསྐྲུན་པས། དེ་ནས་བཟུང་ཡབ་གཞིས་ལྷ་ཀླུ་ཞེས་པའི་སྐུ་དྲག་གི་ཁྱིམ་གཞིས་དེ་ཐོན། སྤྱི་ལོ་1860ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པ་སྲིད་ཁྲིར་འཁོད་རྗེས་སྐུ་ཕྲེང་བརྒྱད་པའི་ཡབ་གཞིས་དང་ཟླ་བསྒྲིལ་ནས་ལྷ་ཀླུའི་ཁྱིམ་གཞིས་སྔར་བས་སྟོབས་ཆེར་ཕྱིན། ད་ལྟ་ང་ཚོས་མཐོང་དུ་ཡོད་པའི་ཁང་པ་ནི་ལྷ་ཀླུ་གཞིས་ཀའི་དེ་སྔའི་མཆོད་ཁང་ཡིན་ཞིང་། དམངས་གཙོའི་བཅོས་བསྒྱུར་བཏང་བ་ནས་བཟུང་། ལྷ་ཀླུ་གྲོང་ལྷན་གྱི་གཞུང་ལས་ཁང་བྱེད་མུས་ཡིན། ལྟ་ཀླུའི་ས་ཆའི་སྟེང་མིག་སྔར་ཞོལ་གྲོང་གསར་དང་ལྷ་ཀླུ་སློབ་ཆུང་། དེ་བཞིན་ལས་ཁུངས་ཁག་གི་སྡོད་ཁང་སོགས་མང་དག་བསྐྲུན་ཡོད། (གྲོང་ཁྱེར་ལྷ་སའི་ས་མིང་ལོ་རྒྱུས་མདོར་བསྡུས་ལས་དྲངས) 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།