[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གྲྭའི་པར་རིས།
  • “སྐལ་བཟང་མེ་ཏོག”ཤེས་ལྡན་མི་སྣ་གསོ་སྐྱོང་རྣམ་གྲངས་ཀྱིས་བོད་རིགས་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ལ་འདེགས་སྐྱོར་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-01

    d9f3e741-b20b-4d68-8381-071cb664281c.jpg.jpg

    འདི་ནི“སྐལ་བཟང་མེ་ཏོག”སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་གསོ་སྦྱོང་སྒར་སའི་སློབ་མ་བོད་ལྗོངས་བོད་ལུགས་འཛུགས་སྐྲུན་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ལས་མི་བསྟན་སྒྲོལ་གྱིས་ལས་ཀ་བྱེད་བཞིན་པ།

    82db1759-fd3b-4a1b-b6dd-044bbc479217.jpg.jpg

    འདི་ནི“སྐལ་བཟང་མེ་ཏོག”སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་གསོ་སྦྱོང་སྒར་སའི་སྤྱི་ཁྱབ་རྩལ་ཁྲིད་པ་ཀྲའོ་ཅེ་ཡིས“སྐལ་བཟང་མེ་ཏོག”སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལོ་ཚོགས་སྐབས་གཉིས་པར་གཏམ་བཤད་སྤེལ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ནན་ཅིང་ལས་དོན་ཚོགས་ཆུང་གིས“སྐལ་བཟང་མེ་ཏོག”སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་གསོ་སྦྱོང་སྒར་ས་དང་འཚར་ལོངས་སྒར་ས་སྔ་རྗེས་སུ་བཙུགས་པ་དང་འབྲེལ། 2021ལོར་འཚར་ལོངས་སྒར་ས་དེ་འཚར་ལོངས་སློབ་གླིང་དུ་རིམ་སྤོར་བྱས་ཏེ། རྒྱུན་མཐུད་དང་རྗེས་སྙེག་རྣམ་པའི་ཐོག་ནས་སློབ་ཆེན་སློབ་མ་གསོ་སྦྱོང་བྱས་པ་བརྒྱུད། སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ལ་འདེགས་སྐྱོར་བྱས་པ་རེད། མིག་སྔར“སྐལ་བཟང་མེ་ཏོག”སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་སྦྱོང་བརྡར་སྒར་སར་ཞུགས་མྱོང་བའི་སློབ་མ་102ཚང་མ་སྤུས་ཚད་མཐོ་པོས་ལས་ཞུགས་སམ་ཡང་ན་ལས་གཏོད་ཐུབ་ཡོད་ཅིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ“སྐལ་བཟང་མེ་ཏོག”སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་བྱེད་སྟངས་ཁྱབ་གདལ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།