[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གྲྭའི་པར་རིས།
  • བོད་ལྗོངས་འཛིན་གྲྭའི་སློབ་མ་སློབ་འགོ་ཚུགས་པར། ནན་ཁྲང“ཨ་མས”གཅེས་སེམས་མཚོན་པར་བྱས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-01

    ཟླ་8ཚེས་28ཉིན། དགའ་སྤྲོའི་དགོད་སྒྲས་ནན་ཁྲང་སློབ་འབྲིང་བཅུ་བདུན་པའི་ཁུ་སིམ་ཁད་ཀྱིས་དཀྲོགས། བོད་ནས་ཡོང་བའི་སློབ་མ་བརྒྱ་ལྷག་ཙམ་སློབ་གྲྭ་དེའི་བོད་ལྗོངས་འཛིན་གྲྭར་སློབ་གཉེར་བྱེད་པར་ཡོང་བ་དང་། ཆིང་ཧྲན་ཧུའུ་ཆུས་ཐང་ཧྲན་གྲོང་རྡལ་ཧྲང་ཧྥང་སྡེ་ཁུལ་གྱི“གཅེས་སེམས་ཨ་མ”ལས་གྲུབ་པའི་དང་བླངས་ཞབས་འདེགས་རུ་ཁག་གིས་ཕྲུ་གུ་ཚོར་ཉལ་ཁང་བསྡུ་གསོག་རྒྱག་རོགས་བྱས་ཏེ་ཁྱིམ་དང་ལེ་དབར་སྟོང་གིས་ཆོད་པའི་བོད་རིགས་ཕྲུ་གུ་ཚོར་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ཚོར་བར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་ཁུལ་དེའི“གཅེས་སེམས་ཨ་མ”ལས་གྲུབ་པའི་དང་བླངས་ཞབས་འདེགས་རུ་ཁག་གི་ལོ་ཆེ་ཤོས་70དང་ཆུང་ཤོས་ལོ་50ལྷག་ཙམ་ཡིན་པ་རེད། ལོ་དགུ་བསྟུད་མར་ཁོང་ཚོས་སེམས་རྩ་འཁོལ་པོ་དང་ལྷག་བསམ་ཟོལ་མེད་ཀྱི་བྱམས་བརྩེར་བརྟེན་ནས་གངས་ལྗོངས་ས་མཐོའི་བོད་རིགས་སློབ་མ་ཚོར་སེམས་ཁུར་ལྷད་མེད་བྱས་ཏེ་ཁོང་ཚོར་ནང་མི་ལྟ་བུའི་དྲོ་སྐྱིད་སྦྱིན་ཡོད། ལྷག་དོན་དུ་དུས་ཆེན་དང་གུང་གསེང་རིང“གཅེས་སེམས་ཨ་མ”ཚོས་བོད་རིགས་སློབ་གྲྭར་ཡོང་སྟེ་ཁོང་ཚོར་གྱོན་ཆས་དང་ཉལ་ཆས་འཁྲུད་རོགས་དང་། སྐྲ་བཞར་བ། ཉལ་ཁང་བསྡུ་གསོག་རྒྱག་པ་སོགས་བྱས་ཏེ་ཁོང་ཚོར་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད།

    545866_yis_1535690482991_s.jpg

    འདི་ནི་བོད་ཀྱི་སློབ་མ་ཚོ་ནན་ཁྲང་གི་སློབ་གྲྭ་གསར་པར་འབྱོར་སྐབས“གཅེས་སེམས་ཨ་མ”ཚོས་ཁོང་ཚོ་ཁྲིད་དེ་སློབ་གྲྭར་ལྟ་སྐོར་བྱེད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།