[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གྲྭའི་པར་རིས།
  • བོད་ཀྱི་ཐག་རིང་ལུང་ཁུག་ས་ཁུལ་གྱི་སློབ་གྲྭར་ཚན་རིག་ཁྱབ་གདལ་གྱི་སློབ་ཚན་ཁྲིད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-29

    526744_yis_1530162268815_s.jpg

    ཉེ་ཆར་ཀྲེ་ཅང་ཚི་ཤིས་ཆན་མཚོ་དམག་དང་བླངས་ཞབས་ཞུའི་ལྟེ་གནས་ཀྱི་དང་བླངས་པ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁང་གཞུང་ཤང་ལྟེ་བའི་སློབ་ཆུང་དུ་ཡོང་ནས་ས་གནས་དེ་གའི་ཕྲུ་གུ་ཚོར་རྒྱུན་གཏན་དང་མི་འདྲ་བའི་ཚན་རིག་སློབ་ཚན་ཞིག་ཁྲིད་པ་རེད། དང་བླངས་པ་ཚོས་སྒུལ་རིས་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཕྲུ་གུ་ཚོར་བདེ་འཇགས་ངང་གློག་སྤྱོད་པའི་རྒྱུན་ཤེས་བསླབས་པ་མ་ཟད། ཚི་ཤིས་ཆན་མཚོ་དམག་དང་བླངས་ཞབས་ཞུའི་ལྟེ་གནས་ཀྱིས་ད་དུང་ཚན་རིག་ཁྱབ་གདལ་གྱི་སློབ་ཆས་བཞི་སློབ་ཆུང་དེར་ཞལ་འདེབས་བརྒྱབ་ནས་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཕྲུ་གུ་ཚོར་ཚན་རིག་ཁྱབ་གདལ་ཡོ་བྱད་མྱོང་རོལ་བྱ་རྒྱུ་བྱུང་ཞིང་། འདི་ནི་དང་བླངས་པས་བོད་ཀྱི་སློབ་ཆུང་སློབ་མར་ཚན་རིག་ཁྱབ་གདལ་ཡོ་བྱད་སྤྱོད་སྟངས་སློབ་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།