[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གྲྭའི་པར་རིས།
  • “དཔེ་ཀློག་དང་མཉམ་དུ་འཚར་ལོངས་བྱུང་བ”

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-08

    ཟླ་2ཚེས་4ཉིན། ཕྲུ་གུ་རྣམས་ལ་ཆུང་དུས་ནས་དཔེ་ཀློག་ལ་དགའ་ཞེན་དང་དཔེ་དེབ་ཡག་པོ་ཀློག་པའི་གོམས་གཤིས་བཟང་པོ་ཞིག་འཇགས་ནས་ཚེ་གང་ཕན་ཐོགས་ཡོང་ཆེད། བོད་ལྗོངས་དཔེ་མཛོད་ཁང་གི་སྤུས་རྟགས་བྱེད་སྒོ“ཨ་ཅག་གིས་སྒྲུང་ཤོད་པ”ཞེས་པས་བོད་སྐད་ཀྱི་སྒྲུང་གཏམ་ལས་སྟེགས“ནོར་ནོར་གྱིས་སྒྲུང་ཉན་པ”དང་མཉམ་ལས་བྱས་ཏེ“དཔེ་ཀློག་དང་མཉམ་དུ་འཚར་ལོངས་བྱུང་བ”ཞེས་པའི་ཁྱིམ་བདག་དང་ཕྲུ་གུའི་དཔེ་ཀློག་གི་རིམ་སྤེལ་བྱེད་སྒོ་གཉེར་བ་རེད། 

    481627_yis_1517980065656.jpg

    འདི་ནི་ཟླ་2ཚེས་4ཉིན“དཔེ་ཀློག་དང་མཉམ་དུ་འཚར་ལོངས་བྱུང་བ”ཞེས་པའི་ཁྱིམ་བདག་དང་ཕྲུ་གུའི་དཔེ་ཀློག་གི་རིམ་སྤེལ་བྱེད་སྒོ་སྤེལ་ཡུལ་དུ་བྱེད་སྒོའི་དང་བླངས་པ་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་སྐྱིད་སྣང་དོད་པའི་བྱིས་དུས་ཞེས་པའི་ལེ་ཚན་གཙོ་སྐྱོང་བ་ཨ་ཅག་ཞའོ་ཝུའེ་ཡིས་ཕྲུ་གུ་རྣམས་ལ་སྒྲུང་ཤོད་བཞིན་པ། 

    481628_yis_1517980066452.jpg

    འདི་ནི་ཟླ་2ཚེས་4ཉིན“དཔེ་ཀློག་དང་མཉམ་དུ་འཚར་ལོངས་བྱུང་བ”ཞེས་པའི་ཁྱིམ་བདག་དང་ཕྲུ་གུའི་དཔེ་ཀློག་གི་རིམ་སྤེལ་བྱེད་སྒོ་སྤེལ་ཡུལ་དུ་ཁྱིམ་བདག་དང་ཕྲུ་གུས་མཉམ་དུ་དཔེ་དེབ་ཀློག་བཞིན་པ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།