[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གྲྭའི་པར་རིས།
  • བོད་ལྗོངས་གཏིང་སྐྱེས་ཀྱི“མཐའ་སྲུང་ཨ་མས”དཀའ་ངལ་ཡོད་པའི་བྱིས་པར་བརྩེ་སེམས་འཆང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-02

    བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གཏིང་སྐྱེས་མཐའ་སྲུང་མངགས་གཏོང་ཁང་གིས་འདི་ལོའི་ཟླ་ལྔ་པར“མཐའ་སྲུང་ཨ་མས”ཆ་སྒྲིག་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྤེལ་ཚུན། “མཐའ་སྲུང་ཨ་མ”9ཡིས་གཏིང་སྐྱེས་ཤང་ལྟེ་བའི་སློབ་ཆུང་གི་དུད་ཚང་དབུལ་པོའི་བྱིས་པ་15རྩིས་བླངས་ཤིང་། བྱིས་པ་དེ་དག་ཁྲོད་ཆུང་ཤོས་ལོ་4དང་ཆེ་ཤོས་ལོ་14ཡིན་པ་རེད། བུད་མེད་དཔོན་དམག་ཚོས་ཆ་སྒྲིག་བྱས་པའི་ཕྲུ་གུ་ཚོར“བུ་མོ”འམ“བུ”ཞེས་འབོད་པ་དང་ཕྲུ་གུ་ཚོས་ཁོང་ཚོར་བརྩེ་བ་ཟབ་མོས“མཐའ་སྲུང་ཨ་མ”ཞེས་འབོད་ཀྱི་ཡོད་པ་རེད།

    ལོ་ན་གཞོན་པའི“མཐའ་སྲུང་ཨ་མ”དེ་དག་མང་ཆེ་བ་ཕྲུ་གུའི་ཨ་མ་ཡིན་པ་དང་། ཁོང་ཚོས་ཟླ་རེར་རྫོང་ནས་རི་ཀླུང་བརྒལ་ཏེ་ཕྲུ་གུ་ཚོར་ཉུང་མཐར་ཡང་ཐེངས་གཉིས་ལྟ་བར་བསྐྱོད་ནས། “མ་ཚབ”ཀྱི་ལས་འགན་འཁུར་བ་མ་ཟད། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པར་བསམ་པ་དང་འཚོ་བ་ཕྱོགས་གཉིས་ཐད་ནས་རོགས་སྐྱོར་བྱས་ཏེ་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁྲིད་སྟོན་བྱས་ཤིང་།

    448225_yis_1509505142229.jpg

    འདི་ནི“མཐའ་སྲུང་ཨ་མ”ལིའུ་ལེན་དང་ཆ་སྒྲིག་བྱས་པའི“བུ”ཚོ་མཉམ་དུ་པར་རྒྱག་པ།

    448226_yis_1509505143727.jpg

    འདི་ནི“མཐའ་སྲུང་ཨ་མ”ཞུའེ་ཅིང(གཡོན་གྱི་དང་པོ)དང་ཕྲུ་གུ་ཚོ་སྙིང་གཏམ་ཤོད་བཞིན་སློབ་སྦྱོང་གི་གནས་ཚུལ་ཤེས་རྟོགས་བྱེད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།