[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་གྱི་བཙན་ཐབས་སྔོན་འགོག་ལས་དོན་ཡོངས་སུ་ཁྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-11-30

    ཕྱུགས་རིགས་ཀྱི་རིམས་འགོག་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབ་ཆེད། ཉེ་བའི་དུས་མཚམས་ཤིག་རིང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་སྲོག་ཆགས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ཏེ། ས་ཁོངས་འབྲོག་ལས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཕྱུགས་རིགས་རིམས་འགོག་ལས་དོན་སྤེལ་སྟངས་སྔོན་མ་དང་མི་འདྲ་བ་སྟེ། སྨན་ཁབ་གཅིག་སྡུད་དང་གཅིག་གྱུར་མི་རྒྱག་པར་ཆེད་ལས་མི་སྣ་དུད་ཚང་དུ་སྨན་ཁབ་རྒྱག་པར་བཀོད་སྒྲིག་བྱས་ནས་རིམས་ནད་ཕན་ཚུན་མ་འགོས་སྔོན་འགོག་བྱས་པ་རེད།

    “སྟོད་ལུང་བདེ་ཆེན་ཆུས་ཀྱི་2022ལོའི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་གྱི་བཙན་ཐབས་སྔོན་འགོག་ལས་དོན་ཟླ་10ཚེས་19ཉིན་ནས་དངོས་སུ་སྤེལ་འགོ་ཚུགས་ཤིང་། མིག་སྔའི་བར་ཁྱོན་ཕྱུགས་རིགས་མགོ་གྲངས་ཁྲི་7.7ལ་རིམས་འགོག་སྨན་ཁབ་བརྒྱབ་ནས་བཙན་ཐབས་སྔོན་འགོག་གི་ལས་དོན་ཡོངས་སུ་ཁྱབ་པར་བྱས་ཡོད”སྟོད་ལུང་བདེ་ཆེན་ཆུས་ཞིང་ལས་དང་གྲོང་གསེབ་ཅུས་སྲོག་ཆགས་རིམས་བཤེར་ས་ཚིགས་ཀྱི་ཀྲེན་ཀྲང་གཡུ་མཚོས། ད་རེས་ཀྱི་ཕྱུགས་རིགས་རིམས་འགོག་གི་ལས་དོན་སྤེལ་རིང“ནང་དུ་མི་ཐོན་པ་དང་ཕྱི་ནས་མི་མཆེད་པ”མཐའ་འཁྱོངས་བྱས་ཏེ། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་མི་ཐོན་སྔོན་འགོག་ནུས་ལྡན་བྱས་ཡོད་ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།