[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ཀྱི་སྨན་ཁང་འདི་དག་ཏུ་སྨན་པ་བསྟན་པའི་དུས་ཚོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-10-08

    བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་།

    གཅིག སྒོ་ཕྱེ་བའི་ཚན་ཁག

      1.རིམས་ནད་རིང་། སྨན་ཁང་གི་སྒོ་ཕྱེ་བའི་ཚན་ཁག་ལ་སྤྱིར་བཏང་ཕྱི་བཅོས་ཚན་ཁག་དང་། རུས་རྨས་ཚན་ཁག བུད་མེད་དང་བུ་བཙའི་ཚན་ཁག ཕོ་རྒྱུའི་ཚན་ཁག གློ་ནད་ཚན་ཁག བྱིས་པའི་ཚན་ཁག གྲུམ་བུའི་ཚན་ཁག སྲོལ་རྒྱུན་གསོ་ཐབས་ལྟེ་གནས། རིགས་གཅིག་མཁས་ཅན་གྱི་སྒོ་བསྟེན་སྨན་ཁང་། དམངས་ཕན་སྒོ་བསྟེན་སྨན་ཁང་བཅས་ཡོད། 

      2.མིག་ནད་ཚན་ཁག་དང་གནམ་རིག་སྐར་རྩིས་ཀྱིས་དྲ་ཐོག་ནས་བློ་འདྲིའི་ཞབས་འདེགས་མཁོ་འདོན་བྱས་ཡོད། བློ་འདྲིའི་ཁ་པར་ཞིབ་ཕྲ།

    མིག་ནད་ཚན་ཁག  

    13251606327   13308915535

    གནམ་རིག་སྐར་རྩིས། 

    13889090647  

      3.ཆུ་ཚོད་24ཡི་རིང་། དོས་དྲག་དང་ཚ་རྒྱས་སྒོ་བསྟེན་སྨན་ཁང་གིས་རྒྱུན་གཏན་ལྟར་སྨན་བཅོས་བྱེད་ཀྱི་ཡོད། 

      4.ཕྱིས་སུ་གལ་ཏེ་ཚན་ཁག་གཞན་དག་སྒོ་ཕྱེ་ཚེ། ལམ་སེང་སྨན་ཁང་གི་སྐད་འཕྲིན་སྤྱི་རྟགས་སུ་ཁྱབ་བསྒྲགས་བྱེད་ཀྱི་ཡིན། 

    གཉིས། སྒོ་ཕྱེ་བའི་དུས་ཚོད། 

      གཟའ་ཟླ་བ་ནས་གཟའ་པ་སངས་བར། 

    སྔ་དྲོའི་ཆུ་ཚོད། 09:30—13:00

    ཕྱི་དྲོའི་ཆུ་ཚོད། 15:30—18:00

      གཟའ་སྤེན་པ་དང་ཉི་མར། 

    སྔ་དྲོའི་ཆུ་ཚོད། 09:30—13:00 ཕྱི་དྲོ་ངལ་གསོ་རྒྱག་གི་ཡོད། 

    གསུམ།  བློ་འདྲིའི་ཁ་པར། 

      སྨན་དོན་ཁྲུའུ། 0891-6322351 

      སྤྱིའི་ལས་རེས། 18989089572 

      རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་ལས་ཁང་། 0891-6323428 

    བོད་ལྗོངས་ཧྥུའུ་ཁང་སྨན་ཁང་།

      བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གི་སྨན་ཁང་དང་པོ།(ཕྱོགས་བསྡུས་སྨན་ཁང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གླིང་སྐོར་བྱང་ལམ་སྒོ་རྟགས་ཨང་14པ)རྒྱུན་གཏན་ལྟར་སྨན་པ་བསྟན་ཆོག་པའི་ཚན་ཁག་གཤམ་གསལ།   

    དོས་དྲག་ཚན་ཁག                    དབུགས་ལམ་ཁོག་ནད་ཚན་ཁག       རྒྱུ་ལོང་ཁོག་ནད་ཚན་ཁག

    སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག      བུད་མེད་ཚན་ཁག             བུ་བཙའི་ཚན་ཁག

    པགས་ནད་གཅིན་ཟགས་ཚན་ཁག             དབང་པོ་ལྔའི་ཚན་ཁག      སྤྱིར་བཏང་ཕྱི་ནད་ཚན་ཁག           

    མཆིན་མཁྲིས་ཕྱི་བཅོས་ཚན་ཁག       ཀྲུང་ལུགས་གསོ་རིག་ཚན་ཁག           གཅོང་ནད་ཚན་ཁག

    བརྟག་བཤེར་ཚན་ཁག             པར་བརྙན་ཚན་ཁག                   ལུས་ནུས་ཚན་ཁག 

    ཚད་བརྒལ་སྒྲ་རླབས་ཚན་ཁག           ཁོག་རྡོ་སིལ་གཏོར་ལྟེ་གནས།                 -

      བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གི་སྨན་ཁང་གསུམ་པས(བུད་མེད་དང་བྱིས་པའི་སྨན་ཁང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནོར་བུ་གླིང་ཁའི་ལམ་གྱི་སྒོ་རྟགས་ཨང་20པ)བྱིས་པའི་ཚན་ཁག་གི་སྒོ་བསྟེན་སྨན་ཁང་དང་། བུ་བཙའི་ཚན་ཁག་གི་ནད་སྡོད་ཁུལ། བུད་མེད་ཚན་ཁག་གི་ནད་སྡོད་ཁུལ་བཅས་སྒོ་ཕྱེ་ཡོད། 

      བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གི་སྨན་ཁང་བཞི་པས(ལྷ་ཞབས་གླིང་ཕྲན་སྨན་ཁང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལྷ་ཞབས་གླིང་ཕྲན་སྐྱེ་ཁམས་ལམ་གྱི་སྒོ་རྟགས་ཨང་6པ)ཉིན་མོའི་སྒོ་བསྟེན་སྨན་ཁང་དངོས་སུ་སྒོ་ཕྱེ་ནས་ཁོག་ནད་ཚན་ཁག་དང་། ཕྱི་བཅོས་ཚན་ཁག ཀྲུང་ལུགས་གསོ་རིག་གི་སྒོ་བསྟེན་སྨན་ཁང་བཅས་དང་། དེ་བཞིན་བདེ་སྲུང་གཞུང་ལས་ཁང་བཙུགས་ཡོད། 

      བློ་འདྲིའི་ཁ་པར། 0891-6342512

    ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་།

      རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་གྱི་བླང་བྱ་གཞིར་བཟུང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་དགོས་མཁོ་བསྐང་ཆེད། གོ་རིམ་ལྡན་པའི་སྒོ་ནས་ཁ་སྦུག་ཚན་ཁག་དང་། རྣ་སྣ་མགྲིན་གསུམ་གྱི་ཚན་ཁག རྒྱུ་ལོང་བརྙན་པར་བཅས་ཀྱི་སྨན་བཅོས་ཞབས་ཞུའི་ལས་དོན་སླར་གསོ་བྱེད་ཀྱི་ཡིན། 

    མི་སྣ་འདུ་འཛོམས་མི་ཡོང་བའི་ཆེད། ནད་པས་ཁ་པར་བརྒྱབ་ནས་སྨན་པ་བསྟེན་པའི་དུས་ཚོད་ཁ་ཆད་གནང་རོགས། 

      ཁ་སྦུག་ཚན་ཁག་གི་སྨན་པ་བསོད་ནམས་སྒྲོལ་དཀར། 13659581919

      རྣ་སྣ་མགྲིན་གསུམ་གྱི་ཚན་ཁག་གི་སྨན་པ་འབྱོར་ལྡན། 13889037069 

      རྒྱུ་ལོང་བརྙན་པར་གྱི་སྨན་པ་ཡོན་ཏན་ཚེ་རིང་། 13908938160  

      ནད་པ་ཕུད་ནད་གཡོག་སྨན་བཅོས་ཁུལ་དུ་བསྐྱོད་མི་ཆོག(བྱིས་པ་དང་རྒན་རྒོན་ནད་པ་སོགས་དམིགས་བསལ་གནས་ཚུལ་སྐབས་སུ་ནད་གཡོག་1མཉམ་དུ་ཡོང་ཆོག) 

    ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་།

      ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཟླ་9ཚེས་22ཉིན(གཟའ་ཕུར་བུ)སྒོ་བསྟེན་སྨན་ཁང་དང་ནད་སྡོད་ཁུལ་སོགས་རྒྱུན་གཏན་གྱི་སྨན་བཅོས་ཞབས་འདེགས་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱས་ཡོད། ད་ལྟ་འབྲེལ་ཡོད་དོན་དག་དྲན་སྐུལ་ཞུ་རྒྱུ་གཤམ་གསལ། 

    གཅིག སྒོ་བསྟེན་ཞབས་འདེགས། 

      སྒོ་བསྟེན་སྨན་ཁང་ཟླ་9ཚེས་22ཉིན་ནས་བཟུང་ཁྱོན་ཡོངས་ནས་སླར་གསོ་བྱས་ཡོད།(སྒོ་བསྟེན་སྨན་ཁང་ཁག་གཅིག་ཉིན་ཕྱེད་ལས་སྒོ་འབྱེད་ཀྱི་མེད་པ་དང་སྨན་ཁ་བསྟན་པའི་དུས་ཚོད་ཞིབ་ཕྲ་སྨན་ཁང་གི་སྐད་འཕྲིན་སྤྱི་རྟགས་སུ་མངག་པ་དང་འདྲི་རྩད་གནང་རོགས)བདེ་སྲུང་ཚན་ཁག་གི་སྒོ་བསྟེན་སྨན་ཁང་དང་དེ་བཞིན་གཟུགས་པོར་བརྟག་དཔྱད་སླར་གསོ་བྱེད་པའི་དུས་ཚོད་ཕྱིས་སུ་བརྡ་ཐོ་གཏོང་གི་ཡིན། 

    གཉིས་པ། དོས་དྲག་ཞབས་ཞུ། 

      1.ཆུ་ཚོད་24ཡི་རིང་དོས་དྲག་ཞབས་འདེགས་ཞུ་ཡི་ཡོད། 

      2.དོས་དྲག་གི་ཞབས་ཞུ་གཙོ་བོ་མྱུར་སྐྱོབ་དང་སྲོག་སྐྱོབ་ཡིན། སྲོག་ཉེན་འཕྲད་པའི་ནད་པ་མིན་ན“120”ཁ་པར་གང་བྱུང་མ་རྒྱག་རོགས། གང་ཡིན་ཟེར་ན། ང་ཚོས་སྲོག་ཉེན་འཕྲད་པའི་ནད་པ་སྔོན་ལ་སྐྱོབ་བཅོས་ཐུབ་པའི་འགན་ལེན་བྱེད་དགོས། 

    ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་གཟུགས་པོར་བརྟག་དཔྱད་བྱེད་པའི་ཞབས་འདེགས་སླར་གསོའི་བརྡ་ཐོ། 

      2022ལོའི་ཟླ་10ཚེས་8ཉིན་ནས་བཟུང་། གྲོང་ཁྱེར་མི་དམངས་སྨན་ཁང་གིས་བདེ་སྲུང་ཚན་ཁག་གི་སྒོ་བསྟེན་སྨན་ཁང་དང་། དེ་བཞིན་གཟུགས་པོ་བརྟག་དཔྱད་བྱེད་པའི་ཞབས་འདེགས་སླར་གསོ་བྱེད་ཀྱི་ཡིན། ད་ལྟ་འབྲེལ་ཡོད་དོན་དག་གསལ་བཤད་བྱེད་རྒྱུ་གཤམ་གསལ། གཟུགས་པོར་བརྟག་དཔྱད་བྱེད་སྐབས་ཆ་ཚང་སྔོན་ནས་མངག་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན་པས། གཟུགས་པོར་བརྟག་དཔྱད་བྱེད་དགོས་མཁན་གྱིས་ཁ་ཆད་བྱས་པའི་དུས་ཚོད་ལྟར་སྨན་ཁང་དུ་ཕེབས་རོགས་ཞུ། 

    གཟུགས་པོ་བརྟག་དཔྱད་ཀྱི་སྔོན་མངགས་ཁ་པར།

    0895-4821120(ལས་དུས་ལ་རྒྱག་རོགས) 

    གཟུགས་པོར་བརྟག་དཔྱད་བྱེད་པའི་ལས་དུས་ནི་གཟའ་ཟླ་བ་ནས་པ་སངས་བར་གྱི་ཆུ་ཚོད། 

    09:30—13:00དང5:30—18:00བར(དུས་ཆེན་དང་ངལ་གསོའི་དུས་ཚོད་ཕུད)ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།