[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • སྒོ་བསྟེན་གྱི་སྨན་རིན་ཞིང་ཆེན་བསྒྲལ་ནས་རྩིས་རྒྱག་ཆོག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-10-07

    ཟླ་10ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་སྲིད་དོན་ཞབས་ཞུའི“ཞིང་སྒྲོལ་ཀུན་སྒྲུབ”ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས། ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཁྱབ་བསྒྲགས་བྱས་པ་རེད། བསམ་འཆར་དུ“ཞིང་སྒྲོལ་ཀུན་སྒྲུབ”དོན་ཚན་གྱི་ཁྱབ་རྒྱ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ནས། གནས་སྐབས་གྲོང་མིའི་ཐོབ་ཐང་ལག་ཁྱེར་སྒྲུབ་གཉེར་སོགས་མང་ཚོགས་ཀྱིས་མང་པོ་གཉེར་བའི་སྲིད་དོན་ཞབས་ཞུའི“ཞིང་སྒྲོལ་ཀུན་སྒྲུབ”ཀྱི་གསལ་ཐོ་22མང་དུ་བཏང་འདུག

    640 (6).jpg

    རྒྱལ་ཡོངས་སྲིད་དོན་ཞབས་ཞུའི“ཞིང་སྒྲོལ་ཀུན་སྒྲུབ”ཀྱི་ནང་དོན་མང་དུ་བཏང་བའི་ལས་འགན་གསལ་ཐོ།

    (ཁྱོན་22ཡོད)

    ↓↓↓

    640.png

    640 (1).png

    640 (2).png

      《སྲིད་དོན་ཞབས་ཞུའི“ཞིང་སྒྲོལ་ཀུན་སྒྲུབ”ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་མཛུབ་ཁྲིད་བསམ་འཆར》(རྒྱལ་སྲིད་སྤྱི་ཁྱང་ཁབ་གཞུང་དོན་ཐིང་གིས་སྤེལ།〔2022〕ཡིག་ཨང་35པ)བཀྲམ་ནས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཁེ་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གཉེར་མང་བའི་སྲིད་དོན་ཞབས་ཞུའི་དོན་ཚན“ཞིང་སྒྲོལ་ཀུན་སྒྲུབ”ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ཁེ་ལས་དང་མང་ཚོགས་ཡུལ་གཞན་དུ་ལས་སྒོ་གཉེར་རྒྱུར་སྔར་བས་སྟབས་བདེ་བསྐྲུན་ཡོད། 

      སྤྱི་བསྒྲགས་ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཁེ་ལས་དང་མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པའི་ཡུལ་གཞན་དུ་ལས་སྒོ་གཉེར་བའི་དཀའ་གནད་དང་འགག་གནད་ལ་དམིགས་པ། ཞབས་ཞུའི་ཚད་གཞི་གཅིག་གྱུར་དང་། ཞབས་ཞུའི་བརྒྱུད་རིམ་ལེགས་གཏོང་། ཞབས་འདེགས་ཞུ་སྟངས་གསར་གཏོད་བཅས་བྱེད་པ། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས“དྲ་གཅིག་ཀུན་སྒྲུབ”ཀྱི་འགག་རྩའི་ནུས་པ་གང་ལེགས་འདོན་པ། དྲ་ཐོག་དང་དྲ་ཕྱིར་ལས་སྒོ་གཉེར་བའི་ཐབས་ལམ་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། སྲིད་དོན་ཞབས་ཞུའི“ཞིང་སྒྲོལ་ཀུན་སྒྲུབ”སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ། སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་། ཚད་མཐུན་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། མི་འགྲོ་འོང་དང་། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་རང་མོས་ངང་འཁོར་རྒྱུག རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བཅས་ལ་ཞབས་འདེགས་ནུས་ལྡན་ཞུ་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཚོ་བ་གཏོད་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས། 

      སྤྱི་བསྒྲགས་ཀྱི་ནང་དུ།  “ཞིང་སྒྲོལ་ཀུན་སྒྲུབ”དོན་ཚན་གྱི་ཁྱབ་རྒྱ་ཆེ་རུ་གཏོང་དགོས་པ་སྟེ། (གཅིག)གཉེར་མང་བའི་སྲིད་དོན་ཞབས་ཞུའི“ཞིང་སྒྲོལ་ཀུན་སྒྲུབ”ཀྱི་དོན་ཚན་ཁག་ཅིག་ཁ་སྣོན་བྱེད་དགོས་པ་དང་། (གཉིས)ས་ཁུལ་དབར“ཞིང་སྒྲོལ་ཀུན་སྒྲུབ”ཀྱི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། 

     “ཞིང་སྒྲོལ་ཀུན་སྒྲུབ”ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས་པ་སྟེ། (གསུམ) དྲ་ཐོག་ལས་སྒྲུབ་ཞབས་ཞུའི་ཉམས་མྱོང་ལེགས་སུ་གཏོང་དགོས་པ་དང་། (བཞི) “ཞིང་སྒྲོལ་ཀུན་སྒྲུབ”ཀྱི་དྲ་ཕྱིའི་ཞབས་ཞུ་ལེགས་སུ་གཏོང་དགོས་པ། (ལྔ) “ཞིང་སྒྲོལ་ཀུན་སྒྲུབ”ཀྱི་མཐུན་སྦྱོར་ལས་ཕྱོད་ཆེ་རུ་གཏོང་དགོས་པ། 

     “ཞིང་སྒྲོལ་ཀུན་སྒྲུབ”ཞབས་འདེགས་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ།(དྲུག) “ཞིང་སྒྲོལ་ཀུན་སྒྲུབ”ཀྱི་དོན་ཚན་གྱི་ཚད་གཞི་དང་ལས་སྒོའི་སྒྲིག་སྲོལ་འཐུས་ཚང་གཏོང་དགོས་པ་དང་། (བདུན) “ཞིང་སྒྲོལ་ཀུན་སྒྲུབ”ལས་སྟེགས་ཀྱི་འདེགས་སྐྱོར་དང་མ་ལག་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། (བརྒྱད)  “ཞིང་སྒྲོལ་ཀུན་སྒྲུབ”ཀྱི་གྲངས་གཞི་མཉམ་སྤྱོད་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས་པ། 

     རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། (དགུ) ལས་ཀའི་སྐུལ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། (བཅུ) ལྟ་ཞིབ་ཚོད་སྐོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། (བཅུ་གཅིག) དྲིལ་བསྒྲགས་དང་ཁྱབ་གདལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ཐད་ལ་བླང་བྱ་གསལ་པོ་བཏོན་ཡོད་པ་རེད།

    ཞིབ་ཕྲའི་ནང་དོན་གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་གཟིགས་ཆོག

    640 (3).png

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།