[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • སྨན་པ་བསྟེན་དགོས་ན་འདིར་གཟིགས་དང་། མི་དམངས་སྨན་ཁང་གི་བརྡ་ཐོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-10-05

    སྨན་བཅོས་ཀྱི་ལས་སྒོ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་བརྡ་ཐོ།

    རྒྱ་ཆེའི་ནད་པ་རྣམས་ལ་ཞུ་རྒྱུར།

      མི་དམངས་མང་ཚོགས་ཀྱི་སྨན་པ་བསྟེན་པའི་དགོས་མཁོ་སྐོང་བ་དང་། གྲོང་ཁྱེར་ཡོངས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་སྐབས་ཀྱི་སྨན་བཅོས་འགན་ལེན་ཡག་པོ་བྱ་ཆེད། མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་གཞིགས་ནས། ངེད་སྨན་ཁང་གིས་དུས་མཚམས་ཕྱེ་ནས་སྨན་བཅོས་ཀྱི་ལས་སྒོ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་རྒྱུ་ཡིན་པས། ད་ལྟ་འབྲེལ་ཡོད་དོན་གནད་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

      གཅིག སྒོ་འབྱེད་པའི་ཚན་ཁག 

      1. ད་ཡོད་ཀྱི་ཆེད་ལས་ཚན་ཁག14(ས་མཐོའི་ནད་ལས་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཚན་ཁག་དང་།  འཇུ་བྱེད་ཁོག་ནད་ཚན་ཁག དབང་རྩའི་ནད་ཀྱི་ཚན་ཁག གསང་རྒྱུད་ཟགས་གཤེར་ཚན་ཁག སྤྱིར་བཏང་གི་ཕྱི་བཅོས་ཚན་ཁག རུས་པའི་ཕྱི་ནད་ཚན་ཁག དབང་རྩའི་ཕྱི་ནད་ཚན་ཁག གཅིན་ལམ་ཕྱི་ནད་ཚན་ཁག བུ་བཙའི་ཚན་ཁག འབྲས་སྐྲན་ཚན་ཁག རྨ་བཅོས་ཚན་ཁག  PICC འགོ་ནད་ཚན་ཁག སྟབས་བདེའི་སྒོ་བསྟེན་ཚན་ཁག)ཡི་རྨང་གཞིའི་ཐོག་གྲུམ་བུ་ཟུངས་ཁྲག་ཚན་ཁག་དང་། མཁལ་ནད་ཚན་ཁག མོ་ནད་ཚན་ཁག པགས་ནད་ཚན་ཁག་བཅས་སྒོ་འབྱེད་ཀྱི་ཡིན།

    2. དོས་དྲག་དང་། ཚ་རྒྱས་སྒོ་བསྟེན་སྨན་ཁང་། བྱིས་ནད་ཚན་ཁག་གི་ཚ་རྒྱས་སྒོ་བསྟེན་སྨན་ཁང་གིས་ཆུ་ཚོད་24ཡི་རིང་རྒྱུན་གཏན་ལྟར་ན་ཚ་ལྟ་ཡི་ཡིན། ཁ་ནད་ཚན་ཁག་དང་། མིག་ནད་ཚན་ཁག  རྣ་སྣ་གྲེ་གསུམ་ནད་ཀྱི་ཚན་ཁག་བཅས་ཀྱི་དོས་དྲག་ནད་པ་ཡིན་ཕྱིན་ཐད་ཀར་དོས་དྲག་ཚན་ཁག་ཏུ་ཨང་ཀི་བཀག་ན་འགྲིག

      3. མིག་སྔར་དྲ་སྦྲེལ་སྨན་ཁང་ནས་རིན་པ་མི་དགོས་པར་གྲུམ་བུ་ཟུངས་ཁྲག་ཚན་ཁག་དང་། དབང་རྩའི་ནད་ཀྱི་ཚན་ཁག འཇུ་བྱེད་ཁོག་ནད་ཚན་ཁག མཁལ་མའི་ཁོག་ནད་ཚན་ཁག འབྱིན་རྔུབ་དང་ཉེན་ཚབས་ཆེ་ནད་ཚན་ཁག གསང་རྒྱུད་ཟགས་གཤེར་ཚན་ཁག སྙིང་ནད་ཚན་ཁག སྤྱིར་བཏང་གི་ཕྱི་བཅོས་ཚན་ཁག རུས་ནད་ཚན་ཁག དབང་རྩའི་ཕྱི་ནད་ཚན་ཁག གཅིན་ལམ་ཕྱི་ནད་ཚན་ཁག བྱིས་ནད་ཚན་ཁག མོ་ནད་ཚན་ཁག པགས་ནད་ཚན་ཁག ཁ་ནད་ཚན་ཁག མིག་ནད་ཚན་ཁག རྣ་སྣ་གྲེ་གསུམ་གྱི་ནད་ཚན་ཁག་བཅས་ཚན་ཁག17དང་འབྲེལ་བའི་གནད་དོན་ལ་བློ་འདྲིའི་ཞབས་འདེགས་ཞུ་བཞིན་ཡོད།

      4. ད་དུང་རྗེས་མར་མུ་མཐུད་སྒོ་བསྟེན་སྨན་ཁང་གི་ཚན་ཁག་གཞན་སྒོ་ཕྱེ་ནས། སྐད་འཕྲིན་སྤྱི་རྟགས་སུ་འཕྲལ་དུ་ཡོངས་བསྒྲགས་བྱེད་ཀྱི་ཡིན།                                      

    གཉིས། སྒོ་བསྟེན་སྨན་ཁང་གི་སྒོ་འབྱེད་པའི་དུས་ཚོད།

      གཟའ་ཟླ་བ་ནས་སྤེན་པའི་བར། སྔ་དྲོའི་ཆུ་ཚོད་09:30-13:00 བར་དང་།  ཕྱི་དྲོའི་ཆུ་ཚོད་15:30-18:00བར་ཡིན།

      གཟའ་ཉི་མའི་སྔ་དྲོའི་ཆུ་ཚོད། 09:30-13:00 བར་ཡིན། ཕྱི་དྲོ་ངལ་གསོ་ཡིན།

      གསུམ།  སྨན་བཅོས་ཀྱི་གོ་རིམ།

          1.སྨན་ཁང་དུ་མ་འཛུལ་གོང་། ཆུ་ཚོད་48ནང་ཚུན་གྱི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་པའི་ངོ་སྤྲོད་ཡི་གེ་འཁྱེར་དགོས་ལ། སྔོན་འགོག་ཞིབ་བཤེར་དང་རིམས་དཔྱད་ཀྱི་རེའུ་མིག་ཇི་མ་ཇི་བཞིན་དུ་རྒྱོང་དགོས། རིམས་ནད་ཐོན་རིང་། སྨན་པ་བསྟེན་མཁན་ནད་པ་རེས་ནད་གཡོག་གཅིག་ལས་འཁྲིད་མི་ཆོག་པ་དང་། ཚ་བར་ལྟ་བར་གཞོགས་འདེགས་བྱེད་དགོས་པ་མ་ཟད། སྨན་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁ་རས་རྒྱག་དགོས་པ་དང་རང་འགུལ་ངང་བོད་ལྗོངས་བཤར་བགྲོད་དང་འགྲོ་སྐྱོད་བཤེར་རྟགས་སྟོན་དགོས།

      2.མི་འདུ་འཛོམས་ཉུང་བ་དང་སྒུག་པའི་དུས་ཡུན་ཐུང་དུ་བཏང་སྟེ། དོས་དྲག་མིན་པའི་ནད་པས“བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་དམངས་ཕན་ཞབས་ཞུའི་ལས་སྟེགས”དང་།    114ལས་སྟེགས། བདེ་ཐང་བོད་ལྗོངས་གཞུང་ཕྱོགས་སྐད་འཕྲིན་བརྒྱུད་སྤ་སེ་མངག་པར་སྐུལ་ལྕག་གཏོང་རྒྱུ་དང་། འཕྲིན་ཐུང་དུ་བཏང་བའི་དུས་ཚོད་ལྟར་སྨན་པ་བསྟེན་པར་སྐྱོད་དགོས།

      3.སྨན་ཁང་གི་གཏན་འབེབས་བཞིན་ཨང་ཀི་བཀག་པ་དང་།  སྒུག་སྡོད་པ།  བརྟག་དཔྱད། སྨན་རིན་སྤྲོད་པ། སྨན་ལེན་པ་སོགས་ཀྱི་བང་སྒྲིག་སྐབས། མི་གཞན་དང་བར་ཐག་སྨི་1ཡན་འཇོག་དགོས།

      4.ནད་པས་སྨན་པ་བསྟེན་སྐབས། “སྨན་པ་རེས་ནད་པ་རེ་བརྟག་དཔྱད་ཁང་རེ་ལ་ལྟ་བའི”ལམ་སྲོལ་ལག་ལེན་ནན་པོ་བསྟར་ཏེ།ནད་གཡོག་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་དང་། རྒན་འཁོགས་དང་། བྱིས་པ། ནད་གཞི་ལྕི་བའི་ནད་པ་བཅས་ཀྱིས་ནད་གཡོག་རེ་ལས་འཁྲིད་མི་ཆོག ཉེན་ཁ་ཆེ་ཞིང་ཛ་དྲག་པ་དང་ནད་གཞི་ལྕི་བའི་ནད་པ་ཡིན་ཕྱིན། དོས་དྲག་ཏུ་སྨན་པ་བསྟེན་པར་འགྲོ་རྒྱུའི་གྲོས་འགོ་འདོན་གྱི་ཡིན།

      5.ཚ་བ་རྒྱས་པའི་ནད་པ(དྲོད་ཚད་37.3℃ཟིན་པའམ་དེ་ལས་མཐོ་བ)ཡིན་ཕྱིན། སྒོ་བསྟེན་གྱི་སྔོན་འགོག་བརྟག་དཔྱད་བྱེད་མཁན་ལས་དོན་པས་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་འཁྲིད་ཀྱི་ཡོད།

      6.སྒོ་བསྟེན་ཕྱོགས་བསྡུས་ཞབས་ཞུའི་ཚོམས་ཆེན་གྱི་སྒེའུ་ཁུང་10པ་ནས་14པའི་བར་ནི། སྒོ་བསྟེན་གྱི་ཨང་ཀི་བཀག་ས་དང་སྨན་རིན་སྤྲོད་ས་ཡིན་པ་དང་།  སྒེའུ་ཁུང་ཨང་7པ་དང་8པ་ནི་སྨན་བཅོས་འགན་བཅོལ་གྱི་ཞིབ་དཔྱད་སྒེའུ་ཁུང་ཡིན།

      རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་མི་ཚང་མར་འགན་འཁྲི་ཡོད། ཁྱེད་རང་གིས་བསམ་ཤེས་དང་གཞོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ།

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནས།

    2022ལོའི་ཟླ་10ཚེས་2ཉིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།