[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ཝུའུ་ཧན་གྱི་ཞེ་ཧོ་སྨན་ཁང་གིས་ལྷོ་ཁའི་མ་བུ་བདེ་སྲུང་སྨན་ཁང་དང་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་བཞག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-18

    ཉེ་ཆར། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱི་ཞོར་གཏོཌ་ཞེ་ཧོ་སྨན་ཁང་གིས་རྩེད་ཐང་གྲོང་རྡལ་དུ་ལྷོ་ཁའི་མ་བུ་བདེ་སྲུང་སྨན་ཁང་དང་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་བཞག་པ་རེད།

    ཝུའུ་ཧན་ཞེ་ཧོ་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི་ཀྲང་ཡུས་ཀྱིས། ཁ་གཏད་རོགས་སྐྱོར་དང་བདེ་ཐང་འགན་ལེན་གྱི་གྲོས་མཐུན་བཞག་པ་ནི་ཝུའུ་ཧན་ཞེ་ཧོ་སྨན་ཁང་གིས་ལྷོ་ཁའི་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱས་པ་མཚོན་པ་ཞིག་ཡིན་ལ། ལྷོ་ཁའི་མ་བུའི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུར་ཡང་ཕན་པ་ཡོད་པ་ཞིག་ཡིན། ཞེ་ཧོ་སྨན་ཁང་གིས་ཁ་ཕྱོགས་གཏན་འཁེལ་གྱི་རོགས་སྐྱོར་བྱས་ཏེ། དོ་དམ་གྱི་ལེགས་ཆ་དང་། རིག་ཚན་གྱི་ལེགས་ཆ། ཤེས་ལྡན་པའི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་ཀྱིས། དུས་བཀག་བཞིན་སྨན་དོན་མི་སྣ་མངགས་གཏོང་བྱས་ནས། ལྷོ་ཁ་གྲོང་ཁྱེར་གྱི་མ་བུ་བདེ་སྲུང་སྨན་ཁང་གི་དོ་དམ་ཆུ་ཚད་མཐོ་རུ་དང་ནད་ཐོག་ཆེད་ཚན་གྱི་ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད། ལྷོ་ཁ་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་ཝང་ཞཱ་ཡིས། ཕྱོགས་གཉིས་པོས་ད་རེས་གྲོས་མཐུན་བཞག་པ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ། སྨན་བཅོས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཡུལ་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། ཡུལ་དེ་གའི་ཚོགས་པ་འཁྲིད་པ་བཅས་ཀྱི་སྒོ་ནས་ལྷོ་ཁ་གྲོང་ཁྱེར་གྱི་འཕྲོད་བསྟེན་དང་བདེ་ཐང་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།