[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་དུ་རིན་མེད་ངང་ཁྲག་སྦྱིན་གཏོང་མཁན་ལ་ཐོག་མར་འཕྲུལ་ཆས་སྤྱད་ནས་ཁྲག་བཙགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-27

    ནང་སའི་བོད་སྐྱོད་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱིས་འཕྲུལ་ཆས་སྤྱད་དེ་ཁྲག་རིལ་ལེབ་ཆུང་བཙགས་པ་དེ་ཐོག་ནས་ས་མཐོའི་ཁུལ་དུ་འཕྲུལ་ཆས་ཀྱིས་ཁྲག་རིལ་ལེབ་ཆུང་འཚག་ཐུབ་པ་མཚོན་ལ། ཁྲག་རིལ་ལེབ་ཆུང་བཙགས་པའི་ས་བབ་མཐོ་ཤོས་ཀྱི་ཟིན་ཐོ་ཡང་བཏོད་པ་རེད།

    འདི་ལོའི་ཟླ་2པར་བོད་རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱིས་འཕྲུལ་ཆས་ཀྱིས་ཁྲག་རིལ་ལེབ་ཆུང་བཙགས་པའི་སྒྲིག་ཆས་འོས་སྐུལ་འོས་འབོད་ཀྱི་ཉོ་སྒྲུབ་བྱས་པ་དང་། སྒྲིག་སྦྱོར་དང་ཚོད་ལྟ། ཁྲག་རིལ་ལེབ་ཆུང་བཙགས་སའི་ཁང་པ་སྒྱུར་བཀོད་བཅས་དང་དེ་བཞིན་ལྟེ་གནས་ཀྱི་ལས་སྒོའི་མི་སྣ་གསོ་སྦྱོང་ལས་དོན་བཅས་ལེགས་གྲུབ་ཟིན་པ་རེད།

    663875_yis_1569218258972_s.jpg

    འདི་ནི་དང་བླངས་པ་ལེའོ་ཀྲེ་ལིན(གཡོན་གྱི་དང་པོ)གྱིས་འཕྲུལ་ཆས་སྤྱད་ནས་ཁྲག་འཚག་བཞིན་པ་དང་། བོད་རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱི་ལས་དོན་མི་སྣས་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་ཁྲག་རིལ་ལེབ་ཆུང་འཚག་སྟངས་སྦྱོང་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།