[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ཡོའན་ཧྲི་དང་རིགས་གཅིག་མཁས་ཅན་བོད་དུ་ཡོང་ནས་དབང་རྩའི་ཕྱི་བཅོས་གསོ་རིག་འཕེལ་རྒྱས་གཏོང་རོགས་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-21

    663224_yis_1568952910149_s.jpg

     འདི་ནི་ཟླ་9ཚེས་17ཉིན་ཡོའན་ཧྲི་ཀྲའོ་ཅི་ཙུང་གིས་ནད་པའི་ནད་གཞིར་དབྱེ་ཞིབ་བྱེད་བཞིན་ཡོད་པ།

    ཟླ་9ཚེས་17ཉིན། ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲི་དང་རྒྱལ་ཁབ་དབང་རྩའི་མ་ལག་ནད་ཀྱི་ནད་ཐོག་སྨན་བཅོས་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ཅི་ཙུང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པར་ཡོང་ནས་། ནད་པར་ཀླད་པའི་ཁྲག་རྩའི་འབྲས་སྐྲན་གཤགས་བཅོས་བྱས་པ་དང་འབྲེལ། བོད་ཀྱི་ས་གནས་སྨན་ཁང་གི་སྨན་པར་ཡུལ་དངོས་སུ་མཛུབ་ཁྲིད་ཀྱང་བྱས་པ་རེད།

    2019ལོའི་ཟླ་8ཚེས་30ཉིན། “ཡོའན་ཧྲི་ཀྲའོ་ཅི་ཙུང་གི་བོད་ལྗོངས་དབང་རྩའི་ཕྱི་བཅོས་ལག་རྩལ་མཛུབ་ཁྲིད་ལྟེ་གནས”བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པར་བཙུགས་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ་རྐང་རྟེན་དུ་བྱས་ཏེ། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་དབང་རྩའི་ཕྱི་བཅོས་ཚན་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་དུས་མཚུངས། ལྟེ་གནས་ཀྱིས་ད་དུང་པེ་ཅིང་ཐེན་ཐན་སྨན་ཁང་གི་དབང་རྩའི་ཕྱི་བཅོས་ཚན་ཁག་གི་རིགས་གཅིག་མཁས་ཅན་དང་ཡུན་རིང་གི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ། ལོ་ལྟར་པེ་ཅིང་གི་རིགས་གཅིག་མཁས་ཅན་གྱིས་དེ་གར་ཟླ་གཅིག་ནས་གསུམ་བར་མཛུབ་ཁྲིད་བྱེད་རྒྱུ་བྱས་ཡོད། བོད་ཀྱི་གསོ་རིག་ཤེས་ལྡན་པ་ཐེན་ཐན་སྨན་ཁང་དུ་ཟབ་སྦྱོང་ལ་བསྐྱོད་དེ། ཕྱོགས་གཉིས་པོའི་དབར་མཉམ་ལས་བྱས་ནས་རབ་འབྱམས་པ་དང་འབུམ་རམས་པ་སོགས་ཀྱི་རྩེར་སོན་ཤེས་ལྡན་པ་གསོ་སྐྱོང་བྱེད་ཀྱི་ཡོད་ཅིང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།