[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • སྤོ་བོ་རྫོང་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་རྒན་གསོ་ཁང་དུ་འོས་འགན་སྨན་བཅོས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    ཉེ་ཆར། སྤོ་བོ་རྫོང་སྨན་ཁང་དང་། བོད་ལུགས་སྨན་ཁང་། ནད་ཡམས་ཚོད་འཛིན་ལྟེ་གནས་བཅས་ཀྱིས་སྨན་དོན་མི་སྣ་བཏང་ནས་རྒན་གསོ་ཁང་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་སྨན་དོན་མི་སྣས་རྒན་རྒོན་མི་རེ་ངོ་རེའི་འཚོ་བ་དང་གཟུགས་པོའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། རྒན་རྒོན་ཚོས་བཏོན་པའི་གནད་དོན་ལ་ངང་རྒྱུད་རིང་པོས་ལན་གསལ་པོ་བརྒྱབ་རྗེས་སྨན་དོན་མི་སྣས་རྒན་རྒོན་གྱི་གཟུགས་པོར་བརྟག་དཔྱད་བྱས་པ་རེད།

    ད་ཐེངས་ཀྱི་བརྟག་དཔྱད་ནང་ཁྲག་མངར་དང་། གློ་སྙིང་ཉན་བརྟག ཁྲག་ཤེད་འཇལ་བ་སོགས་བྱས་ཏེ་རྒན་རྒོན་ཡོངས་ཀྱི་བརྟག་དཔྱད་བྱས་འབྲས་ལ་འགྲེལ་བཤད་བརྒྱབ་པ་དང་འབྲེལ། རྒྱུན་གཏན་འཚོ་བའི་ཁྲོད་ཡིད་གཟབ་བྱེད་དགོས་པའི་ཐད་གྲོས་འགོ་ཡང་བཏོན་ནས་རྒན་རྒོན་གྱི་རྒྱུན་མཐོང་ནད་ཀྱི་སྔོན་འགོག་དང་། སྨན་བཅོས། དེ་བཞིན་དམངས་ཕན་སྲིད་ཇུས་སོགས་ཀྱི་ཐད་བདེ་ཐང་སློབ་གསོའི་དྲིལ་བསྒྲགས་བྱས་ནས་ནད་རིགས་ལ་གཞིགས་ཏེ་སྨན་སྤྲད་པ་རེད། འོས་འགན་སྨན་བཅོས་ནང་སྒོར་10000རི་བའི་ཕྱི་ལུགས་སྨན་རྫས་དང་སྒོར་6000རི་བའི་བོད་སྨན་སྤྲད་པ་དང་། རྒན་རྒོན་ལ་སྒོར་2000རི་བའི་ལག་རྟགས་དང་། ནད་ཡམས་སྔོན་འགོག་ཤེས་བྱའི་དྲིལ་བསྒྲགས་ཤོག་བྱང་150 གསལ་བརྡ་10བཅས་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།