[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • མེ་ཏོག་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་གཟུགས་པོར་རིན་མེད་བརྟག་དཔྱད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-09

    མེ་ཏོག་རྫོང་གི་བདེ་ཐང་བརྟག་དཔྱད་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་། སྨན་བཅོས་ཀྱི་ཞབས་ཞུའི་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཟུགས་པོ་བདེ་ཐང་འགན་ལེན་བཅས་བྱ་ཆེད། ཉེ་དུས་མེ་ཏོག་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་སྨན་དོན་མི་སྣ་10འབྲས་སྤུངས་གྲོང་ཚོར་གཟུགས་པོར་རིན་མེད་བརྟག་དཔྱད་ཀྱི་ཡིག་ཚགས་བཟོ་བ་དང་། ཐུམ་འབུའི་ནད་དང་ནད་རིགས་གསུམ་བརྟག་དཔྱད་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།

    སྨན་དོན་པས་གཟུགས་པོ་བརྟག་དཔྱད་དང་ཐུམ་འབུའི་ནད་སོགས་ནད་ཡམས་བརྟག་དཔྱད་ཀྱི་ལས་དོན་སྤེལ་བ་དང་དུས་མཚུངས་གཟུགས་པོར་བརྟག་དཔྱད་བྱེད་མཁན་མང་ཚོགས་ལ་ནད་ཡམས་སྔོན་འགོག་དང་བདེ་སྲུང་གི་ཤེས་བྱ་དྲིལ་བསྒྲགས་བྱས་པ་མ་ཟད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”འབྲེལ་ཡོད་ཤེས་བྱའང་སྒྲོག་འགྲེལ་བྱས་པས། མང་ཚོགས་ཚོས་བདེ་ཐང་དང་འབྲེལ་བའི་ཤེས་བྱ་སྔར་བས་ཤེས་རྟོགས་ཐུབ་པ་དང་ཆབས་ཅིག་གདེང་འཇོག་བཟང་པོའང་ཐོབ་ཡོད་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་སྤེལ་རིང་མི་108ཀྱི་གཟུགས་པོར་བརྟག་དཔྱད་བྱས་པ་མ་ཟད། ཡིག་ཚགས་བཟོས་པ་དང་སྦྲགས་ནད་པར་རིན་མེད་ངང་སྨན་སྣ་ཁ་22ཙམ་སྤྲད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།