[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་ཐུམ་ འབུའི་ནད་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-03

    ཐུམ་འབུའི་ནད་འགོག་བཅོས་ཀྱི་འབྲེལ་ཡོད་ཤེས་བྱ་སྔར་བས་ཁྱབ་གདལ་གཏོང་ཆེད། ཉེ་ཆར། མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གིས་སློབ་མ་སྒྲིག་འཛུགས་བྱས་ནས་སློབ་གསེང་གི་ཁོམ་པ་སྤྱད་དེ་སློབ་གྲྭ་ནས་ཐོན་ཏེ་ཁྱིམ་བདག་དང་སློབ་གྲྭའི་མཐའ་སྐོར་གྱི་ཚོང་དུད་ལ་ཁ་ཕྱོགས་ཏེ་ལག་གདང་སྦྲེལ་བའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི” བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཐུམ་འབུའི་ནད་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད།

    དྲིལ་བསྒྲགས་བྱས་པ་བརྒྱུད། སློབ་མ་ཚོས་ཐུམ་འབུའི་ནད་འགོག་བཅོས་ཤེས་བྱ་ཤེས་རྟོགས་དང་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་ཐུམ་འབུའི་ནད་ཀྱི་ཤེས་བྱ་ཆུང་གྲས་ཀྱི་དྲིལ་བསྒྲགས་ཤོག་བྱང་སྤྲོད་པའི་བྱེད་སྒོར་ཧུར་ཐག་ཞུགས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།