[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ཀྱི་ཨེ་ཙེའི་ནད་ཡམས་ཁྱབ་ཚད་མུ་མཐུད་དམའ་བའི་ཆུ་ཚད་དུ་ཚོད་འཛིན་ཐུབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-27

    ཉེ་ཆར། གསར་འགོད་པར་རྒྱལ་ཁབ་རིམ་པའི་ཨེ་ཙེའི་ནད་འགོག་བཅོས་སྲིད་ཇུས་སྒྲོག་འགྲེལ་ཚོགས་པས་བོད་དུ་བསྐྱོད་དེ་ཨེ་ཙེའི་ནད་འགོག་བཅོས་སྲིད་ཇུས་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ཡུལ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་དུ་ཨེ་ཙེའི་ནད་ཡམས་ཁྱབ་ཚུལ་དལ་བུར་ཕྱིན་ཡོད་ཅིང་། རྒྱལ་ཁབ་ཀྱི་ནད་ཡམས་ཁྱབ་ཚད་དང་བསྡུར་ན་བོད་ཀྱི་ཨེ་ཙེའི་ནད་ཡམས་ཁྱབ་ཚད་མུ་མཐུད་དམའ་བའི་ཆུ་ཚད་དུ་ཚོད་འཛིན་ཐུབ་ཡོད་པ་རེད།

    མིག་སྔར། ལྗོངས་ཡོངས་ཀྱི་ཨེ་ཙེའི་ནད་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཏེ་རྫོང(ཆུས)74ལ་ཨེ་ཙེའི་ནད་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་པ་མ་ཟད། ཨེ་ཙེའི་ནད་གཏན་འཁེལ་དངོས་བཤེར་ཁང་3བཙུགས་པ་དང་། གྲོང་ཁྱེར་དང་ས་ཁུལ་བདུན་ཚང་མར་ཨེ་ཙེའི་ནད་ཀྱི་རང་འགུལ་བློ་འདྲི་བྱ་ཡུལ་ཡང་བཙུགས་པ་རེད། ལྗོངས་ཡོངས་ཀྱི་ནད་དུག་འགོག་པའི་སྨན་བཅོས་ཁྱབ་ཚད་ཟམ་མི་ཆད་པར་ཆེ་རུ་སོང་སྟེ་ཨེ་ཙེའི་ནད་པར་སྨན་ཡོན་མི་དགོས་པར་ནད་དུག་འགོག་པའི་སྨན་བཅོས་བྱས་ཤིང་། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་8ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཨེ་ཙེའི་ནད་པར“གྲལ་བཤེར་དང་། བློ་འདྲིའི་ཞབས་ཞུ། སྨན་བཅོས་ནང་བཅུག་པ། བདེ་ཐང་སླར་གསོ་དང་སྐབས་བསྟུན་བཅར་འདྲི”བཅས་ཀྱི་ནད་བརྟག་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།