[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་སྨན་བཅོས་དང་བླངས་ཚོགས་པས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-21

    “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད”སྒྲིག་འཛུགས་ཨུ་ལྷན(གཤམ་དུ“སྒྲིག་འཛུགས་ཨུ་ལྷན”ཞེས་བསྡུ་རྒྱུ)གྱིས“བདེ་ཐང་ཀྲུང་གོ”དང“གནད་སྨིན་དབུལ་སྐྱོར”གྱི་རྒྱལ་ཁབ་འཐབ་ཇུས་ལ་གཞོགས་འདེགས་བྱེད་པ་དང་། ལོ་70ཡི་རིང་གི་ཀྲུང་གོ་གསར་པའི་ཕུལ་བྱུང་གྲུབ་འབྲས་ལ་ཕྱག་རྟགས་འབུལ་བ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་བའི་ཉམས་འགྱུར་མངོན་པ་བཅས་བྱ་ཆེད། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་གྱིས“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད”2019ལོར་བོད་དུ་སྐྱོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་དངོས་སུ་སྤེལ་འགོ་ཚུཌ་པ་རེད།

    བྱེད་སྒོ་སྤེལ་བའི་ཉིན་དེའི་སྔ་དྲོ“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད”སྒྲིག་འཛུགས་ཨུ་ལྷན་གྱི་ཁོངས་མིས་རྒྱལ་སའི་གསོ་རིག་གི་རིགས་གཅིག་མཁས་ཅན་20ཡི་སྣེ་ཁྲིད་དེ་ས་བབ་མཐོ་ཞིང་གསོ་རླུང་མི་འདང་བ་དང་། ལུས་ཁམས་མི་བདེ་བའི་དཀའ་ངལ་ཁྱད་དུ་བསད་ནས་དགོན་སྡེའི་དགེ་འདུན་པ་དང་ཉེ་འཁོར་གྱི་སྣ་དཀར་གྲོང་ཚོའི་ཚོགས་ཆུང་བརྒྱད་པའི་མང་ཚོགས་ལ་འོས་འགན་སྨན་བཅོས་བྱས་པ་རེད། བྱེད་སྒོ་སྤེལ་རིང་སྟོད་ལུང་བདེ་ཆེན་ཆུས་སྨན་ཁང་དང་རྒུ་རུམ་ཤང་འཕྲོད་བསྟེན་ཁང་གི་སྨན་པ་15ཡིས་རྒྱལ་སའི་སྨན་པ་དང་ལྷན་དུ་ཕེབས་ནས་སྐད་སྒྱུར་བྱེད་རོགས་བྱས་པ་རེད།

    དང་བླངས་པས་ཆེད་ལས་ཀྱི་ཐོག་ནས་བརྟག་དཔྱད་ཞིབ་ཚགས་དང་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་བརྒྱུད། དགེ་འདུན་པ་དང་མང་ཚོགས་ལ་སྟབས་བདེའི་སྨན་བཅོས་ཐོབ་པ་དང་ནད་རིགས་སྔོན་འགོག་ཤེས་བྱའང་རགས་ཙམ་ཤེས་པ་རེད། 

    གཞན་ཡང་རང་ཁྱིམ་གྱི་སྒོ་འགྲམ་དུ་པེ་ཅིང་གི་རིགས་གཅིག་མཁས་ཅན་གྱིས་བརྟག་དཔྱད་དང་སྨན་བཅོས་བྱས་པ་དེས་ཁོང་ཚོས་རང་ཉིད་ཀྱི་གཟུགས་གཞི་བདེ་ཐང་ཡིན་མིན་གྱི་གནས་ཚུལ་དང་ནད་གཞི་སྔོན་འགོག་ཚོད་འཛིན་ཐད་རྒྱུས་མངའ་རགས་ཙམ་ལོན་ཐུབ་པ་བྱུང་ཡོད་ལ། འཚོ་བ་ལའང་ཡིད་ཆེས་དང་རེ་བ་དེ་བས་ཆེ་རུ་སོང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།