[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • མེ་ཏོག་རྫོང་གིས་གྲོང་གསེབ་སྨན་པའི་རྩལ་ནུས་ཆེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-14

    གྲོང་གསེབ་སྨན་པའི་སྨན་བཅོས་ལག་རྩལ་དང་། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ། ཕྱོགས་བསྡུས་ལས་སྒོའི་ཞབས་ཞུ་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་ཆར་མེ་ཏོག་རྫོང་གིས་གྲོང་གསེབ་སྨན་པའི་རྩལ་ནུས་གསོ་སྦྱོང་བྱས་པ་རེད།

    ད་རེས་ཀྱི་གྲོང་གསེབ་སྨན་པའི་གསོ་སྦྱོང་འཛིན་གྲྭར་ནད་ཐོག་སྨན་བཅོས་ཀྱི་རྩལ་ནུས་དང་། རྒྱུན་མཐོང་ནད་སྣ་ཚོགས་ཀྱི་བརྟག་བཅོས། སྔོན་འགོག་འཕྲོད་སྦྱོར། ནད་ཡམས་སྔོན་འགོག་ཚོད་འཛིན་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཁར་བོད་སྐྱོར་རིགས་གཅིག་མཁས་ཅན་དང་རིམ་གསུམ་སྨན་ཁང་གི་ཁ་གཏད་རོགས་སྐྱོར་གྱི་རིགས་གཅིག་མཁས་ཅན་སོགས་ལས་སྒོའི་རྐང་འཛིན་པ་གདན་དྲངས་ནས་སློབ་ཁྲིད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།