[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • སྨན་བཅོས་རིགས་གཅིག་མཁས་ཅན་300ལྷག་ཙམ་བོད་དུ་སྨན་བཅོས་བྱེད་པར་ཡོང་བ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-01

    ཟླ་5ཚེས་28ཉིན། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དུ་རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་པེ་ཅིང་ཨན་ཀྲེན་སྨན་ཁང་གི་སྙིང་ཁམས་ཁོག་ནད་ལྟེ་གནས་ཀྱི་ཀྲུའུ་རེན་མ་ཁྲང་ཧྲེང་དང་། ཧྭ་ཀྲུང་ཁོག་ནད་ཕྱི་བཅོས་སྨན་ཁང་སྙིང་ཁམས་ཁོག་ནད་ཁོའོ་ཡི་ཀྲུའུ་རེན་གཞོན་པ་ཁྲེན་ཡན་གྱིས་གཤགས་བཅོས་མ་བྱས་གོང་དབྱེ་ཞིབ་བྱས་པ་བརྒྱུད། གཙོ་བཅོས་སྨན་པ་ཁྲེན་ཡན་གྱིས་བརྙན་རིས་ཞིབ་བཤེར་དང་སྙིང་ཁམམས་འདེགས་སྒྲོམ་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཞི་ཁྱོན་ཆེ་བའི་སྙིང་རྩ་འགག་པའི་ནད་ཕོག་པའི་ཉེན་ཆེའི་ནད་པ་ཞིག་མྱུར་སྐྱོབ་བྱས་པ་དང་མིག་སྔར་ནད་པ་དེ་སྲོག་ཉེན་ལས་ཐར་ཡོད་པ་རེད།

    ཟླ་5ཚེས་26ཉིན་ནས་ཚེས་30ཉིན་བར། བོད་དུ“སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་དུ་གཏོད་པའི”སྨན་བཅོས་སྤྱི་ཕན་གྱི་བྱེད་སྒོ་ཆེ་གྲས་སྤེལ་བ་དང་ད་ཐེངས་ཀྱི་བྱེད་སྒོར་སྨན་བཅོས་རིགས་གཅིག་མཁས་ཅན་300ལྷག་ཙམ་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི་བཅས་གྲོང་ཁྱེར་གྱི་རྫོང་དང་ཆུས་མང་པོར་ནད་བརྟག་སྨན་བཅོས་དང་། གཤགས་བཅོས། ལྷན་སྐྱེས་སྙིང་ནད་རགས་བཤེར་དང་སྐྱོབ་བཅོས། བདེ་ཐང་གི་ཚན་རིག་ཤེས་བྱ་ཁྱབ་གདལ་སློབ་གསོ། རྩལ་ནུས་གསོ་སྦྱོང་སོགས་ཀྱི་ལས་དོན་སྤེལ་ཡོད་པ་རེད། ཁྲེན་ཡན་དང་མ་ཁྲང་ཧེང་ནི་དེའི་ནང་གི་དང་བླངས་པ་གཉིས་པོ་དེ་རེད།

    ཚེས་27ཉིན། བོད་བརྒྱུད་ནང་བསྟན་ཀརྨ་བཀའ་རྒྱུད་གྲུབ་མཐའི་མ་དགོན་མཚུར་ཕུ་དགོན་པར་སྔར་རྒྱུན་ལས་འཁྲུག་ཆ་དོད་ཅིང་། རྒྱལ་སའི་གསོ་རིག་སློབ་ཆེན་ཤོན་ཝུའུ་སྨན་ཁང་དང་རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཏི་ཐན་སྨན་ཁང་གི་རིགས་གཅིག་མཁས་ཅན་15དེ་གར་ཡོང་ནས་སྐད་སྒྱུར་བའི་རོགས་རམ་འོག་དགེ་འདུན་པ་དང་མཐའ་འཁོར་གྱི་མི་སེར་300ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་པ་རེད།

    ལོ་48ལ་སླེབས་པའི་དགེ་འདུན་པ་ལྷག་པས་སྨན་རྫས་སྒམ་ཆུང་ཁ་ཤས་འཁྱེར་ནས་མི་ཚོགས་ཁྲོད་དུ་ཡོང་བ་དང་། ཁོང་གིས་སྔོན་ཆད་སྨན་ཁང་ཆུང་གྲས་སུ་ནད་བསྟེན་སྐབས་སྨན་པའི་ཤོད་ཚུལ་མི་འདྲ་བའི་དབང་གིས་ག་བྱེད་འདི་བྱེད་མིན་འདུག ད་ཐེངས་པེ་ཅིང་ནས་རིགས་གཅིག་མཁས་ཅན་ཡོང་སྟེ་སྒོ་ཁར་ཞབས་ཞུ་བྱས་པ་མ་ཟད་ད་དུང“སེམས་རྣལ་རིལ་བུ”ཡང་སྤྲད་བྱུང་ཞེས་བཤད།

    གཤགས་བཅོས་དང་འོས་འགན་སྨན་བཅོས་བྱེད་པ་ཕུད། རིགས་གཅིག་མཁས་ཅན་ཚོས་ད་དུང་བོད་ཀྱི་སྨན་ཁང་དུ་ལྟ་སྐོར་དང་། མཛུབ་ཁྲིད། འཆད་ཁྲིད་བཅས་བྱས་ཤིང་། རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཏི་ཐན་སྨན་ཁང་གི་རིགས་གཅིག་མཁས་ཅན་5བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་ཡོང་ནས་འགོ་ནད་དང་། མཆིན་ནད། འཇུ་བྱེད་སོགས་ཀྱི་རིག་ཚན་ལ་མཛུབ་ཁྲིད་བྱས་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་ཡོན་ཀྲང་ཕུན་ཚོགས་བཀྲ་ཤིས་ཀྱིས“རིགས་གཅིག་མཁས་ཅན་ཚོས་ས་གནས་ས་ཐོག་ཏུ་རྩ་བལྟ་བ་དང་སྨན་ཁང་གི་འཕེལ་རྒྱས་སྐོར་ལ་བསམ་ཕྱོགས་བཏོན་པར་བཀོལ་སྤྱོད་ཀྱི་ནུས་པ་ཆེན་པོ་འདུག”ཅེས་བཤད།

    “སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་དུ་གཏོད་པའི”སྤྱི་ཕན་བྱེད་སྒོ་དེ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་མཛུབ་ཁྲིད་བྱས་པ་དང་2008ལོར་སྤེལ་འགོ་ཚུགས་ཤིང་། ལོ་བཅུ་ལྷག་ཙམ་རིང་། རྒྱལ་ཡོངས་ཀྱི་སྨན་ཁང་400ལྷག་ཙམ་གྱི་སྨན་དོན་མི་སྣ་དང་རིགས་གཅིག་མཁས་ཅན་ཁྲི་2.2ཀྱིས་སྤྱི་ཕན་བྱེད་སྒོ་སྤེལ་བ་བརྒྱུད་བོད་དང་། སི་ཁྲོན། ཉིང་ཞ་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དང་། རང་སྐྱོང་ལྗོངས་20ཙམ་དུ་བསྐྱོད་དེ་མི་རིགས་ཁག་གི་སྤུན་ཟླ་མི་ཐེངས་ཁྲི་51.4ལྷག་ཙམ་ལ་སྨན་བཅོས་རོགས་སྐྱོབ་དང་བདེ་ཐང་རོགས་སྐྱོར་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།