[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རྫོང་རིམ་པའི་སྨན་ཁང“ཁ་པ་རིམ་པ་གཏོད་པར”རོགས་སྐྱོར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-30

    ཉེ་ཆར། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་གྲོང་ཁྱེར་རིམ་པའི་སྨན་ཁང་གི་ལག་རྩལ་དང་དོ་དམ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པའི་ཁར། སྨན་ཁང་ཆེ་བས་སྨན་ཁང་ཆུང་བ་འགན་གཙང་ལེན་པ་དང་ཁ་གཏད་རོགས་སྐྱོར་བྱེད་པའི་བྱེད་སྒོར་བརྟེན་ནས། ཤན་རྩ་རྫོང་མི་དམངས་སྨན་ཁང་དུ་བསྐྱོད་དེ“ཁ་པ་རིམ་པ་གཏོད་རྒྱུར”རོགས་སྐྱོར་མཛུབ་ཁྲིད་བྱས་པ་རེད། ལས་དོན་དེ་སྤེལ་བའི་དམིགས་ཡུལ་ནི་ནག་ཆུ་གྲོང་ཁྱེར་གྱི་རྫོང་རིམ་པའི་སྨན་ཁང་གི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་དང་རྫོང་རིམ་པའི་སྨན་ཁང་གི་ལྟེ་བའི་ཁྱབ་འགྱེད་ནུས་པ་ཆེ་རུ་གཏོང་ཆེད་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཀ་པ་རིམ་པ་གསར་གཏོད་གཞུང་ལས་ཁང་དང་། ཚན་རིག་སློབ་གསོ་ཁོའོ། འགོས་ནད་ཚོད་འཛིན་ཚན་ཁག་བཅས་ཀྱི་རྐང་འཛིན་པ་4ཟུར་འཐེན་བྱས་ནས་རོགས་སྐྱོར་མཛུབ་ཁྲིད་ལས་དོན་ཚོགས་ཆུང་བཙུགས་པ་རེད། ལས་དོན་སྤེལ་རིང་། སྲིད་འཛིན་དོ་དམ་སྨན་བཅོས་དང་། གཏོད་འདེམས་མཛུབ་ཁྲིད་བདག་སྐྱོང་། འགོས་ནད་ཚོད་འཛིན་གསོ་སྦྱོང་། སྨན་བཅོས་ལག་རྩལ། སྨན་རྫས་དོ་དམ་བཅས་ཀྱི་ལས་དོན་ཚོགས་ཆུང་གི་ཁོངས་མི་4ཡིས་སྙན་ཞུ་ཉན་པ་དང་། གྱོད་དཔེ་རེ་གཉིས་རྩད་གཅོད་བྱེད་པ། ནད་དཔེ་ལྟ་ཀློག་བྱེད་པ། མཉེན་ཆས་ཀྱི་དཔྱད་གཞིའི་ཡིག་ཆ་ལྟ་བ་བཅས་ཀྱི་བྱ་ཐབས་གཞིར་བཟུང་། ཤན་རྩ་རྫོང་མི་དམངས་སྨན་ཁང་གི་སྨན་ཁང་ཡོངས་ཀྱི་ལས་བཟོར་སློབ་ཚན་ཁྲིད་པ་དང་། ས་གནས་ས་ཐོག་ཏུ་དོགས་གནད་ལ་ལན་རྒྱག་པ། སྐབས་བསྟུན་དྲི་བ་འདོན་པ། དཔྱད་ཞིབ་བྱེད་པ་བཅས་བྱས་པ་དང་སྦྲགས་རང་སྐྱོང་ལྗོངས་ཀྱི་ཞིབ་དཔྱད་ཚད་གཞི་དང་ཟུང་འབྲེལ་གྱིས་ཤན་རྩ་རྫོང་མི་དམངས་སྨན་ཁང་གི་གཏོད་འདེམས་ལས་དོན་ཁྲོད་ཀྱི་བཀྲག་མདངས་འཚེར་ས་དང་མི་འདང་ས་བཏོན་པ་དང་སྦྲགས་གཏོད་འདེམས་ལས་དོན་ཚན་རིག་དང་མཐུན་པ་དང་། ཚད་དང་ལྡན་པ། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་སྤེལ་རྒྱུར་བསམ་འཆར་དང་གྲོས་འགོ་ནུས་ལྡན་ཡང་བཏོན་ཡོད།

    “ཁ་པ་རིམ་པ་གཏོད་པའི”མཛུབ་ཁྲིད་ཚུར་ལན་ཚོགས་འདུར་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་རོགས་སྐྱོར་མཛུབ་ཁྲིད་ཚོགས་ཆུང་གིས་སྨན་བཅོས་ལག་རྩལ་དང་སྨན་རྫས་དོ་དམ་དང་། ནད་སྐྱོང་སྤུས་ཚད་དང་བདེ་འཇགས་སོགས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཤན་རྩ་རྫོང་མི་དམངས་སྨན་ཁང་ལ་དོན་དངོས་དང་མཐུན་པའི་སྒོ་ནས་ཚུར་ལན་བྱས་པ་རེད། ད་ཐེངས་ཀྱི་རོཌ་སྐྱོར་མཛུབ་ཁྲིད་ལས་དོན་གཏིང་ཟབ་སྤེལ་བ་བརྒྱུད། ཤན་རྩ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རིག་འཛིན་སྒྲོལ་དཀར་གྱིས་རོགས་སྐྱོར་མཛུབ་ཁྲིད་ལས་དོན་ཚོགས་ཆུང་གི་རོགས་རམ་ཤུགས་ཆེན་འོག ཤན་རྩ་རྫོང་མི་དམངས་སྨན་ཁང་གི་ལས་བྱེད་པ་དང་ལས་བཟོའི་བསམ་པའི་ཉམས་འགྱུར་ཡིན་ནའང་འདྲ། སྨན་ཁང་གི་དོ་དམ་འདུ་ཤེས་ཡིན་ནའང་འདྲ་གང་ལྟར་ཚང་མར་འགྱུར་ལྡོག་ཆེན་པོ་ཕྱིན་ཏེ། ཤན་རྩ་རྫོང་མི་དམངས་སྨན་ཁང་གི“ཁ་པ་རིམ་པ་གཏོད་པའི”ལས་དོན་ཐད་སྐུལ་འདེད་ཀྱི་ནུས་པ་ཡག་པོ་ཞིག་ཐོན་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།