[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་བརྟག་ཞིབ་ཚོཌ་ཆུང་གིས་ལྗོངས་བུ་བཙའ་དང་བྱིས་པའི་སྨན་ཁང་དུ་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-11

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་ལྗོངས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་བུ་བཙའ་དང་བྱིས་པའི་སྨན་ཁང་དུ་ཕེབས་ཏེ་སྨན་ཁང་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་ནས་འབྲེལ་ཡོད་ལས་དོན་སྙན་སེང་གསན་པ་དང་འབྲེལ་བཞུགས་མོལ་ཚོགས་འདུའང་འཚོགས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བུ་བཙའ་དང་བྱིས་པའི་སྨན་ཁང་འཛུགས་སྐྲུན་གནས་ཚུལ་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པས། འབྲེལ་ཡོད་སྡེ་ཚན་ཁག་གིས་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཏན་ཏིག་ངང་ཆེ་རུ་བཏང་ནས་དངོས་ཐོག་བདེན་འཚོལ་ངང་རྣམ་གྲངས་དོན་འཁྱོལ་ཡོང་བར་དམ་འཛིན་ནན་པོ་བྱེད་དགོས། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་ཕན་ཚུན་གཞོགས་འདེགས་དང་སྤྱི་འདོམས་བཀོད་སྒྲིག་བྱས་ནས་སྤུས་འབོར་གཉིས་ལྡན་ངང་མཐའ་མའི་ལས་མཇུག་བསྡུ་བའི་ལས་དོན་ལེགས་གྲུབ་བྱས་ཏེ་རྣམ་གྲངས་དུས་ཐོག་ཏུ་ལེགས་གྲུབ་ཡོང་བ་བྱེད་དགོས། རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆེད་ལས་དང་གོ་མིང་སོགས་ཀྱི་དགོས་མཁོར་ནན་ཏན་ངང་གཞིགས་ཏེ་སྨན་དོན་ཤེས་ལྡན་པ་སྣ་ཚོགས་ནང་འདྲེན་གྱི་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་། བུ་བཙའ་དང་བྱིས་པའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་ཐོན་ཁུངས་སྤུས་ལེགས་མགྱོགས་མྱུར་ནང་འདྲེན་བྱེད་པའི་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་སྔ་ཙམ་སྨན་བཅོས་ཀྱི་ཞབས་ཞུ་སྤུས་ལེགས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་ནས་ནད་པ་བདེ་ཐང་ཡོང་བར་གཡས་གཞོགས་གཡོན་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།