[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ཀྱི་འགོ་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-13

    ཚེས་9ཉིན། གསར་འགོད་པས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་བོད་ཀྱི་རིམས་ནད་སྔོན་འགོག་ཚད་འཛིན་གྱི་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་ཕྱིན་ཏེ་གྲུབ་འབྲས་ཆེན་པོ་ཐོབ་པ་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞབས་ཞུའི་མ་ལག་རྩ་བའི་ཆ་ནས་བསྐྲུན་ཟིན་ཏེ་འགོ་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་འགོ་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་འགོ་ནད་ལྟ་ཞིབ་ཚད་ལེན་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། འགོ་ནད་སྔོན་འགོག་ཚོད་འཛིན་གྱི་དུས་ཐོག་རང་བཞིན་དང་སྔོན་དཔག་ནུས་པ་ཆེ་རུ་གཏོང་བ། རིམས་ནད་སྣ་ཚོགས་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་གཙོ་གནད་དུ་བཟུང་ཡོད། 2018ལོའི་ཟླ་12ཚེས་31ཉིན་བར། ལྗོངས་ཡོངས་སུ་འགོ་ནད་ཐོན་ཚད་དང་མི་ཤི་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་5.59%དང་61.31%ཡིས་དམའ་བ་ཡོད་པ་རེད། འདུས་འདྲིལ་གཅོང་ནད་དང་། མཆིན་པའི་གཉན་ཚད། རུས་ཚིགས་དང་གྲུམ་ནད་བཅས་གྲལ་བཤེར་འགོག་བཅོས་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།