[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་མ་འཇོག་ཅེ་ཏ་ཁོར་ཡུག་འཕྲོད་བསྟེན་ཚད་ཡོད་ཀུང་སིས།

    བྱ་ཐབས་སྣ་མང་སྤྱད་ནས་གྲོང་ཁྱེར་མཛེས་སུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-12

    2018ལོར་ལྷ་ས་མ་འཇོག་ཅེ་ཏ་ཁོར་ཡུག་འཕྲོད་བསྟེན་ཚད་ཡོད་ཀུང་སིས་ཞི་མཐུན་དང་། སྣོད་བཅུད། དྭངས་གཙང་བཅས་ཀྱི་གྲོང་ཁྱེར་གཏོད་པའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། “མི་རྩ་བར་འཛིན་པ་དང་། སྤུས་རྟགས་བཏོད་པ། རིམ་པ་སྤོར་བ། ཕུགས་ཕན་དོ་དམ། ཕྱོགས་ཡོངས་ནས་སྐུལ་འདེད”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་བྱ་ཐབས་སྣ་མང་སྤྱད་དེ་གྲོང་ཁྱེར་མཛེས་སུ་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་ཚན་ཁག་འཛུགས་སྐྱོང་འཐུས་སྒོ་ཚང་དུ་བཏང་ཞིང་། ལྷ་ས་གྲོང་ཁྱེར་མ་འཇོག་ཅེ་ཏ་ཁོར་ཡུག་འཕྲོད་བསྟེན་ཚད་ཡོད་ཀུང་སིས་ལོ་འཁོར་མོར“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”སོགས་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་ཐེངས་13སྤེལ་བ་དང་། སྒྲོག་འགྲེལ་བྱེད་སྒོ་ཐེངས་28སྤེལ་བ། གཅིག་སྡུད་ཐོག་སྲིད་གཙང་ཉེན་ཟོན་སློབ་གསོའི་གློག་བརྙན་ཐེངས་3བལྟས་ཡོད། 《ཏང་སྲོལ》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》《ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་དེབ》སོགས་གཅིག་སྡུད་སློབ་སྦྱོང་ཐེངས་32བྱས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་སྐོར་མྱོང་ཚོར་ཟིན་བྲིས་ཐེངས་28བྲིས་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།

    རྒྱུན་ལྡན་ལས་ཀ་དོན་འཁྱོལ་བྱས་པ་དང་ཁོར་ཡུག་གི་སྤུས་ཚད་མཐོ་རུ་བཏང་ཞིང་། 2018ལོ་འཁོར་ལ་འཐབ་ས་དང་པོའི་ལས་སྒྲུབ་མི་ཐེངས་ཁྲི་39ལྷག་ཙམ་བཏང་བ་དང་། ཁོར་ཡུག་འཕྲོད་བསྟེན་ལས་སྒྲུབ་རླངས་འཁོར་སྣ་ཚོགས་ཐེངས་ཁྲི་8.04བཏང་བ། གད་སྙིགས་སྣ་ཚོགས་ཏུན་ཁྲི་20ལྷག་ཙམ་གཙང་སེལ་བྱས་པ། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ཨར་སྐྲུན་གྱི་ས་རོ་རྡོ་རོ་ཏུན་440ལྷག་ཙམ་སྦས་པ། གྲོང་ཁྱེར་ཡོངས་ཀྱི་མ་ལམ་དང་ཡན་ལག་ལམ་བུར་ཆུ་གཏོར་རླངས་འཁོར་ཐེངས་ཁྲི་1.96བཏང་བ་དང་ཆུ་ཏུན་ཁྲི་15.66གཏོར་ཡོད། དུས་ཆེན་གལ་ཆེན་དང་། ཚོགས་འདུ་གལ་ཆེན། བྱེད་སྒོ་བཅས་ཀྱི་རིང་མཐུན་སྦྱོར་བཅོས་སྒྲིག་གི་ལས་དོན་བསྒྲུབས་ནས་ལོ་འཁོར་མོར་འཐབ་ས་དང་པོའི་མི་ཐེངས་1072བཏང་སྟེ་གད་སྙིགས་སྣ་ཚོགས་ཏུན་488ལྷག་ཙམ་གཙང་སེལ་བྱས་པ་དང་། ཆུ་ཡུར་དང་དེའི་ཉེ་འགྲམ་དུ“ལེབ་བཤེར”རྒྱུན་མཐུད་བྱས་ཏེ་ལོ་འཁོར་མོར་གད་སྙིགས་སྣ་ཚོགས་ཏུན་530ལྷག་ཙམ་གཙང་སེལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།