[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་མིག་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དང་སློབ་གྲྭའི་འཕྲོད་བསྟེན་དང་བདེ་ཐང་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-08

    ཉེ་ཆར། སློབ་གསོ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་མིག་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དང་སློབ་གྲྭའི་འཕྲོད་བསྟེན་དང་བདེ་ཐང་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་ལམ་ཚོགས་འདུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག་དུས་རབས་གསར་པའི་སློབ་གྲྭའི་འཕྲོད་བསྟེན་ལས་དོན་དང་ལྷག་པར་དུ་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་མིག་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། མིག་སྔའི་སློབ་གྲྭའི་འཕྲོད་བསྟེན་དང་རྒྱང་སྒྲིབ་མིག་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་ཁོང་དུ་ཆུད་དགོས་པ། འགག་སྒྲོལ་དཀའ་སེལ་བྱས་ཏེ་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་མིག་ནད་སྔོན་འགོག་ཚོད་འཛིན་ལས་འགན་དོན་འཁྱོལ་བྱེད་དགོས་པ། སློབ་གྲྭའི་འཕྲོད་བསྟེན་གྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ། སྒྲིག་འཛུཌ་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།