[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་བྱ་གཞི་དང་ཚད་ལྡན་ཅན་གྱི་རྣམ་གྲངས་ཁག་གཅིག་ཞིབ་བཤེར་རྩིས་ལེན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-09

    རང་ལྗོངས་ཀྱི་བོད་ལུགས་གསོ་རིག་གི་ཚན་རྩལ་གསར་གཏོད་དང་ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་ཆེད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་དོ་དམ་ཅུས་ཀྱིས་ཉེ་ཆར་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་བོད་ཀྱི་གསོ་བ་རིག་པའི་ཁྱབ་ཁོངས་ཀྱི་ཞིབ་འཇུག་བྱ་གཞི་6དང་ཚད་ལྡན་ཅན་གྱི་རྣམ་གྲངས་8ཞིབ་བཤེར་རྩིས་ལེན་བྱས་ཤིང་། གྲུབ་འབྲས་དེ་དག་ནི་2016ལོར་གཏན་འཁེལ་བྱས་པ་དང་ཆེད་སྤྱོད་མ་དངུལ་ཧ་ལམ་སྒོར་ཁྲི་400ཙམ་བཏང་ཡོད་པ་རེད།

    ད་རེས་ཀྱི་ཞིབ་བཤེར་རྩིས་ལེན་བྱས་པའི་གྲུབ་འབྲས་གྲས་སུ་བོད་ཀྱི་གསོ་བ་རིག་པའི་ལུས་གསོ་འཕྲོད་སྦྱོར་ལུས་རྩལ་ཚད་ལྡན་ཅན་དང་གྲོང་གསེབ་ཀྱི་བོད་ལུགས་གསོ་རིག་སྨན་པ་གསོ་སྦྱོང་གི་བསླབ་གཞི་རྩོམ་སྒྲིག་སོགས་ནང་དོན་ཚུད་ཡོད་པ་རེད། གྲུབ་འབྲས་དེ་དག་གཞན་སྒྱུར་དང་བེད་སྤྱོད་ཐུབ་རྗེས་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་ཤེས་ལྡན་པ་གསོ་སྐྱོང་དང་། སྨན་བཅོས་ལག་རྩལ་ཚད་ལྡན་ཅན་དང་ཚད་གཞི་ཅན། ལུས་གསོ་འཕྲོད་སྦྱོར་དང་བོད་ཀྱི་གསོ་བ་རིག་པ་ཆ་འཕྲིན་ཅན་དུ་སྒྱུར་བཟོ་སོགས་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་རེད།

    གོམ་སྟབས་རྗེས་མར། རང་ལྗོངས་ཀྱིས་ཞིབ་འཇུག་བྱ་གཞི་དང་ཚད་ལྡན་ཅན་གྱི་རྣམ་གྲངས་ཞིབ་འཇུག་ཁྱབ་ཁོངས་དང་ནང་དོན་སྔར་བས་བཟང་སྒྲིག་བྱེད་པ་དང་། ཚན་རྩལ་དང་ཚད་ལྡན་ཅན་གྱི་ལག་རྩལ་རྐང་འཛིན་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲུབ་འབྲས་གཞན་སྒྱུར་དང་ཁྱབ་གདལ་བེད་སྤྱོད་ལ་མཐོང་ཆེན་པོས་ཞིབ་འཇུག་བྱེད་པ། བོད་ཀྱི་གསོ་བ་རིག་པ་སྲུང་སྐྱོང་དང་། རྒྱུན་འཛིན། དར་རྒྱས་གོང་འཕེལ་གསུམ་ལ་སྐུལ་འདེད་རྒྱུན་མི་ཆད་པར་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།