[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • 2019ལོའི་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་ཚོགས་འདུ་འཚོཌ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-24

    ཚེས་22ཉིན་གྱི་སྔ་དྲོ། 2019ལོའི་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་ཚོགས་འདུ་ལྷ་སར་འཚོགས་ཏེ་རང་ལྗོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཕྱོགས་སྡོམ་དང་། གནད་དོན་དང་མི་འདང་སར་དབྱེ་ཞིབ། མིག་སྔ་དང་སླད་ཕྱིན་གྱི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་བཀོད་སྒྲིག་བཅས་བྱས་ཡོད།

    ཚོགས་འདུའི་ཐོག་2018ལོ་ནི་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོར་དམ་འཛིན་ལྷོད་མེད་བྱེད་པ་དང་། འཕྲོད་བསྟེན་ཆེ་མོ་དང་བདེ་ཐང་ཆེ་མོའི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ། ཕྱོགས་ཡོངས་ནས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། སྨན་བཅོས་ཞབས་ཞུའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཏན་ཏིག་ངང་སྤེལ་བ། བོད་ཀྱི་གསོ་བ་རིག་པའི་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་གཏོང་བ་བཅས་བྱས་པས། སྐྱོན་བྲལ་གྱི་བོད་ལྗོངས་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གོ་སྐབས་སྟངས་འཛིན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ལས་དོན་ཡག་པོ་སྒྲུབ་རྒྱུར་དམ་འཛིན་བྱེད་པ་དང་། ལས་འགན་དང་དམིགས་ཚད་ལ་དམ་འཛིན་ལྷོད་མེད་བྱས་ནས“གཉིས་ཆག་གཅིག་སྤོར”དང“མི་ཐོན་པ་གསུམ”མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་པ། འཆར་འགོད་དང་བཀོད་སྒྲིག་འཐུས་སྒོ་ཚང་དུ་བཏང་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཆུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ནས་གཙོ་གནད་མངོན་གསལ་པོ་ཡོང་བ་མཐའ་འཁྱོངས་བྱས་ཏེ་འཕྲོད་བསྟེན་དང་བདེ་ཐང་གི་ལས་དོན་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱེད་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་རྩ་འཛུགས་ཀྱི་འགན་ལེན་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ལེགས་སུ་བཏང་སྟེ་ཐུན་མོང་ཐོག་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ལ་རྣམ་པ་གསར་པ་གཏོད་དེ་ཕུལ་བྱུང་གི་གྲུབ་འབྲས་བླངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པ་བསྟན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།