[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ཀྱིས་བྲང་ཁོག་ནད་བཅོས་ལྟེ་གནས་དང་གཟའ་གྲིབ་ནད་བཅོས་ལྟེ་གནས་5རེ་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-18

    ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་ནད་ཡམས་གཙོ་བོའི་སྨན་བཅོས་ཆུ་ཚད་དང་ཁོངས་གཏོགས་དོ་དམ་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《སྨན་བཅོས་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བའི་བྱ་སྤྱོད་འཆར་གཞིའི་ལག་བསྟར་ཇུས་གཞི(2018ལོ—2020ལོ)》གཤམ་སྤེལ་བྱས་ཏེ་རང་ལྗོངས་སུ་བྲང་ཁོག་ནད་བཅོས་ལྟེ་གནས་དང་གཟའ་གྲིབ་ནད་བཅོས་ལྟེ་གནས་འཛུགས་སྐྲུན་ལས་དོན་ཁྱབ་གདལ་བཏང་ཡོད། ལོ་གཅིག་རིང་འབད་བརྩོན་བྱས་པ་བརྒྱུད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་མཚོན་བྱེད་དུ་བྱས་པའི་ལྗོངས་དང་། ས་ཁུལ། གྲོང་ཁྱེར་བཅས་རིམ་པའི་སྨན་ཁང་དུ་བྲང་ཁོག་ནད་བཅོས་ལྟེ་གནས་5བཙུགས་པ་ལས་ལྷོ་ཁ་དང་། གཞིས་རྩེ། ལྷ་ས། ཉིང་ཁྲི ལྗོངས་མི་དམངས་སྨན་ཁང་བཅས་སུ་ལྟེ་གནས་རེ་བཙུགས་པ་དང་། གཟའ་གྲིབ་ནད་བཅོས་ལྟེ་གནས་5བཙུགས་པ་ལས་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་བཅས་སུ་ལྟེ་གནས་རེ་དང་ཉིང་ཁྲིར་ལྟེ་གནས་གཉིས་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི་རོགས་རམ་འོག་རང་ལྗོངས་ཀྱི་རིམ་པ་གཉིས་པ་ཡན་གྱི་ཕྱོགས་བསྡུས་སྨན་ཁང་གིས་ལྟེ་གནས་གཉིས་འཛུགས་རྒྱུ་གོ་སྐབས་སུ་བྱས་ཏེ་སྙིང་རྩ་འགག་པའི་དུས་འགོའི་སྨན་བཅོས་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ་ས་ཁོངས་ནང་གི་བྲང་ཁོག་ན་མཁན་དང་དོས་དྲག་གཟའ་གྲིབ་ཕོག་མཁན་གྱི་ནད་ཐོན་ཚད་དང་། དབང་པོ་སྐྱོན་ཅན་དུ་གྱུར་ཚད། ཤི་ཚད་བཅས་དམའ་རུ་བཏང་ནས“བདེ་ཐང་བོད་ལྗོངས”འཛུགས་སྐྲུན་ལ་རོགས་སྐུལ་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།