[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • “བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི”སྒོ་བྱང་དངོས་སུ་ཕྱེ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-02

    ཉིན་ཤས་གོང་། “བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང”“བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོར”མིང་བསྒྱུར་ནས་སྒོ་བྱང་ཕྱེ་བའི་མཛད་སྒོ་འཚོགས་པ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་མིང་བསྒྱུར་ནས་བོད་ཀྱི་གསོ་བ་རིག་པ་དང་སློབ་གྲྭ་དེ་གའི་འཕེལ་རྒྱས་ལ་དེ་བས་ཡངས་པའི་བར་མཐོངས་བཏོད་པས་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ནི་སློབ་གསོ་པུའུ་ཡིས་ཆོག་མཆན་སྤྲད་པའི་རྒྱལ་ཡོངས་ཀྱི་ཁེར་རྐྱང་བཙུགས་པའི་བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་སློབ་གྲྭ་གཅིག་པུ་དེ་ཡིན་པ་དང་། སློབ་གྲྭ་བཙུགས་ནས་ལོ་29སོང་རིང་ཆབ་སྲིད་ཐད་ཚད་ལོན་པ་དང་། ལས་སྒོ་བྱང་ཆུབ་པ། གསར་གཏོད་ལ་བརྩོན་པ། ལེགས་སྐྱེས་འབུལ་ཕོད་པ་བཅས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་ཤེས་ལྡན་མི་སྣ་6000ལྷག་ཙམ་སྐྱེད་སྲིང་བྱས་ནས་རྒྱལ་ཁབ་ཀྱི་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་སྐྱོན་བྲལ་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་དང་འགྲེམས་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ལའང་གྱུར་ཡོད། 2018ལོའི་ཟླ་12ཚེས་4ཉིན་སློབ་གསོ་པུའུ་ཡིས“བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང”དེ“བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོར”མིང་བསྒྱུར་རྒྱུའི་མོས་མཐུན་དངོས་སུ་བྱས་པ་རེད།

    2018ལོར་ཙུང་ལི་ལི་ཁེ་ཆང་གིས་བོད་དུ་རྟོག་ཞིབ་གནང་སྐབས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་སློབ་ཁུལ་གསར་པ་ཚུད་པའི་དམངས་འཚོའི་ལས་གྲྭ་གསུམ་བསྐྲུན་རྒྱུའི་གཏན་འཁེལ་གནང་བ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་སློབ་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་10བཏང་བ་དང་། མིག་སྔར། སློབ་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་ས་ཆ་འདེམས་པ་དང་རྣམ་གྲངས་འཛུགས་པ་སོགས་ཀྱི་ལས་ཀ་ལེགས་གྲུབ་ཟིན་ནས་ལས་གྲྭ་འཛུགས་སྐྲུན་གྱི་དུས་འགོའི་འོས་སྐུལ་དུས་མཚམས་སུ་སླེབས་ཡོད་པས་སྔོན་དཔག་བྱས་ན་ལོ་གསུམ་རིང་བསྐྲུན་ཟིན་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།