[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • “འཚོ་གནས་དཀའ་བའི་ཡུལ”གྱི་གོས་དཀར་ལྷ་རྗེ་དབང་གྲགས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-20

    474244_yis_1516341504218.jpg

    འདི་ནི་ཕུ་མ་བྱང་ཐང་ཤང་འཕྲོད་བསྟེན་ཁང་དུ་དབང་གྲགས་ཀྱིས་འབྲོག་པ་ཞིག་ལ་ཁྲག་ཤེས་ལྟ་བཞིན་པ།

    474243_yis_1516341502752.jpg

    འདི་ནི་ཕུ་མ་བྱང་ཐང་ཤང་འཕྲོད་བསྟེན་ཁང་དུ་དབང་གྲགས་ཀྱིས་120མྱུར་སྐྱོབ་རླངས་འཁོར་བཏང་སྟེ་ཕྱིར་སྨན་བཅོས་བྱེད་པར་འགྲོ་རྩིས་ཡོད།

    ཕུ་མ་བྱང་ཐང་ཤང་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་ཤར་ལྷོའི་མཚམས་སུ་གནས་པ་དང་ས་བབ་མཐོ་ཚད་སྨི་5373ཟིན་གྱི་ཡོད། དེར་ལོ་ཧྲིལ་པོའི་གསོ་རླུང་རྒྱ་མཚོའི་ངོས་ཀྱི་40%ཡང་ཟིན་གྱི་མེད་པ་དང་རླུང་གི་གནོན་ཤུགས་ཐང་གཤོངས་ཀྱི་ཕྱེད་ཀ་ལས་མེད་ལ། ལོར་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་7ལ་སླེབས་ཀྱི་ཡོད་པས“འཚོ་གནས་དཀའ་བའི་ཡུལ”ཞེས་གྲགས།

    1991ལོར་སྐྱེས་པའི་ཕུ་མ་བྱང་ཐང་ཤང་འཕྲོད་བསྟེན་ཁང་གི་མཁོ་ཆོད་སྨན་པ་གུང་ཁྲན་ཏང་ཡོན་དབང་གྲགས་ནི་2014ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ནས་ཐོན་པ་དང་། ཁོང་གིས་ལྷ་སར་ལས་ཀ་རག་པའི་གོ་སྐབས་དོར་ཏེ་ཆ་རྐྱེན་དཀའ་ཚེགས་ཆེ་བའི་ཤང་དེའི་འཕྲོད་བསྟེན་ཁང་ལ་ཡོང་ནས་ཤང་དེ་ཡོངས་ཀྱི་དུད་ཚང་282ཀྱི་མི་གྲངས་1100ལ་ཉེ་བར་འཕྲོད་བསྟེན་བདེ་སྲུང་གི་ལས་འགན་ཁུར་ཞིང་། ཁོང་གིས་འཕྲོད་བསྟེན་ཁང་གི་ནད་དཔྱད་ཁང་དང་སྨན་འཇོག་སའི་དབར་ཕར་རྒྱུག་ཚུར་རྒྱུག་དང་། རླངས་འཁོར་བཏང་ནས་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་ཚོའི་འབྲོག་ཁུལ་ལ་ནད་དཔྱད་བྱེད་པར་ཡང་ཡང་བསྐྱོད་དེ། བློ་གཅིག་སེམས་གཅིག་གིས་དེ་གའི་ལས་བྱེད་པ་དང་མང་ཚོགས་ནད་པར་ནད་ལྟ་བ་དང་སྨན་བསྐྱལ་ཏེ་ནད་འགོག་བཅོས་ཀྱི་ལས་ལ་གཞོལ་སྟབས། “འཚོ་གནས་དཀའ་བའི་ཡུལ”གྱི་གོས་དཀར་ལྷ་རྗེ་བཟང་པོ་ཞེས་པའི་མཚན་སྙན་ཐོབ།

    ཤང་འཕྲོད་བསྟེན་ཁང་ལ་སྒྲིག་ཁུངས་སྨན་པ་4ཡོད། ཡིན་ནའང་དེའི་ཁྲོད་ཀྱི་སྨན་པ་2སྔ་རྗེས་སུ་ལྷ་ས་དང་ནང་སར་ལོ་གསུམ་སྨན་ཁང་ལ་བསྡད་དེ་སྨན་པ་དཀའ་བཅུ་པའི་ཚད་ལྡན་ཅན་གྱི་གཟབ་སྦྱོང་བྱེད་པར་ཕྱིན་ཡོད། ད་ཆ་ལས་གནས་ཐོག་དབང་གྲགས་དང་སླེབས་ནས་ལོ་གཅིག་ཙམ་ལས་མ་སོང་བའི་སྨན་པ་གཅིག་བཅས་མི་གཉིས་ལས་མེད། དབང་གྲགས་ཀྱིས་འཕྲོད་བསྟེན་ཁང་ལ་དོ་དམ་དང་། ཤང་དང་གྲོང་ཚོའི་སྨན་པ་གསོ་སྦྱོང་། ནད་དཔྱད་ཞབས་ཞུ་སོགས་ཀྱི་ལས་ཀ་མང་པོ་གཅིག་ལྕོགས་ངང་སྒྲུབ་ཀྱི་ཡོད།

    ལོ་གསུམ་ལྷག་ཙམ་རིང་། དབང་གྲགས་ཀྱིས་ཉིན་མཚན་མེད་པར་ལས་གནས་དང་ཁ་བྲལ་མྱོང་མེད། ཁོང་གིས“ཚད་གཞི་ལོངས་པའི་སྨན་པ་གཟེངས་སུ་ཐོན་པ་ཞིག་བྱེད་དགོས་ན། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་རྨང་གཞི་བརྟན་པོ་ཞིག་དང་བྱང་ཆུབ་པའི་ཆེད་ལས་ལག་རྩལ་ཞིག་དགོས་པ་མ་ཟད། ལས་ཀར་སྤྲོ་སྣང་དང་ནད་པར་བྱམས་སྐྱོང་བྱེད་ཤེས་པ་ཞིག་ཀྱང་དགོས”ཞེས་བརྗོད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།