[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལྷ་རྩེ་རྫོང་གིས་རིམས་འགོག་སྨན་ཁབ་ལ་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-29

    ཉེ་ཆར། ལྷ་རྩེ་རྫོང་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྫོང་དེའི་ཁོངས་གཏོགས་སུ་རིམས་འགོག་སྨན་ཁབ་ལ་ཆེད་དོན་ཞིབ་བཤེར་བྱས་པ་རེད། ད་རེས་ཀྱི་ཆེད་དོན་ཞིབ་བཤེར་བྱེད་པའི་ནང་དོན་གྲས་སུ་རིམས་འགོག་སྨན་ཁབ་ཉོ་སྒྲུབ་དཔང་ལེན་དང་དེ་བཞིན་རིམས་འགོག་སྨན་ཁབ་ཉོ་སྒྲུབ་དང་། ཁག་བགོས། བེད་སྤྱོད་བཅས་ཀྱི་ཟིན་ཐོའི་གནས་ཚུལ་དང་། རིམས་འགོག་སྨན་ཁབ་ཀྱི་འཁྱགས་ཉར་སྒྲིག་བཀོད་དང་སྒྲིག་ཆས་འཁོར་སྐྱོད་བྱ་ཚུལ། དྲོད་ཚད་དང་རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་བྱ་ཚུལ། རིམས་འགོག་སྨན་ཁབ་ཡོངས་བསྒྲགས་དང་། རིམས་འགོག་སྨན་ཁབ་མ་བརྒྱབ་གོང་གསལ་བཤད་སོགས་ཀྱི་གནས་ཚུལ། མཛོད་ཉར་བྱས་པའི་རིམས་འགོག་སྨན་ཁབ་ཀྱི་རིགས་དང་། གྲངས་འབོར། ཁག་ཐེངས། ཐོན་རིམ་གྱི་ཨང་གྲངས། ཐོན་སྐྱེད་ཁེ་ལས། གོ་ཆོད་དུས་ཡུན་བཅས་ལ་ཞིབ་དཔྱད་བྱེད་དགོས་ལུགས་ཚུད་ཡོད་པ་རེད།

    ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་ལྷ་རྩེ་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་གློག་མེད་པའམ་ཡང་ན་གློག་ཆད་པའི་སྐབས་སུ་འཕྲལ་སྡོམ་གྱི་སྒྲིག་ཆས་གྲ་སྒྲིག་བྱས་མེད་པ་ཤེས་རྟོགས་བྱུང་ཞིང་། ཞིབ་བཤེར་བྱེད་པའི་ཁྲོད་ལྷག་པའི་གནད་དོན་འགའ་ཤས་ལ་ལྷ་རྩེ་རྫོང་གི་ཁྲིམས་ལག་བསྟར་མི་སྣས་དག་ཐེར་བྱ་རྒྱུའི་སྐུལ་འདེད་བྱས་ཡོད་པ་རེད། གོམ་སྟབས་རྗེས་མར་རྫོང་དེའི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་རིམས་འགོག་སྨན་ཁབ་ལ་ལྟ་སྐུལ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་རིམས་འགོག་སྨན་ཁབ་ཀྱི་སྤུས་ཚད་ལ་འགན་ལེན་བྱས་ཏེ་མངའ་ཁོངས་ཀྱི་མང་ཚོགས་ཚོས་རིམས་འགོག་སྨན་ཁབ་བདེ་འཇགས་ངང་སྤྱོད་རྒྱུའི་འགན་ལེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།