[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་གཙོ་གནད་རྣམ་གྲངས་ཏེ།

    ཨན་ཆི་ཇོ་མོ་གླང་མའི་སྐྱེ་དངོས་ཚན་རྩལ་ཐོན་ལས་ཅན་གྱི་རྣམ་གྲངས་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-08-10

    ཉིན་ཤས་གོང་། ལྗོངས་ཡོངས་ཀྱི་བོད་སྐྱོར་ལས་བྱེད་པའི་ཚོང་འགུགས་མ་འདྲེན་རྣམ་གྲངས་གཅིག་སྡུད་ཐོག་གན་འཇོག་དོན་འཁྱོལ་བྱས་པའི་གཙོ་གནད་རྣམ་གྲངས་དང་2022ལོའི་ལྷོ་ཁ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་གཙོ་གནད་རྣམ་གྲངས་སྟེ། བོད་ལྗོངས་ཨན་ཆི་ཇོ་མོ་གླང་མའི་སྐྱེ་དངོས་ཚན་རྩལ་དབྱི་ཧྲེང་ཅུན་ཐོན་ལས་ཅན་གྱི་རྣམ་གྲངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་སྐྲུན་འགོ་ཚུགས་པ་རེད།

    གསར་འགོད་པར་ལས་འགོ་ཚུགས་པའི་མཛད་སྒོ་ནས་ཤེས་རྟོགས་བྱུང་བར། རྣམ་གྲངས་དེར་འཆར་གཞི་ལྟར་ཁྱོན་མ་དངུལ་སྒོར་དུང་ཕྱུར་5གཏོང་རྒྱུ་དང་། དུས་ཐེངས་དབྱེ་ནས་ལག་བསྟར་བྱ་རྒྱུ་སྟེ། དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་འཆར་གཞིར་ལོ་རེར་དབྱི་ཧྲེང་ཅུན་ཕྱེ་མ་ཏུན་200ཐོན་སྐྱེད་བྱ་རྒྱུ་ཡིན་ཞིང་། ཐོན་ཚད་ལོན་རྗེས་སྔོན་དཔག་བྱས་ན་ལོ་རེར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3ཡན་དང་ཁེ་སྤོགས་དཔྱ་ཁྲལ་སྒོར་དུང་ཕྱུར་1ཙམ་ཟིན་ནས་ལས་ཞུགས་ལས་གནས་བརྒྱ་ལྷག་ཙམ་མཁོ་འདོན་བྱེད་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་རང་རྟེན་ཤེས་བྱའི་བདག་དབང་ལྡན་པའི་ས་མཐོའི་དབྱི་ཧྲེང་ཅུན་རང་ཡུལ་གྱི་ཐོན་ལས་ཅན་མངོན་འགྱུར་ཡོང་བར་གཞོལ་ནས། དབྱི་ཧྲེང་ཅུན་ཐོན་རྫས་ཀྱི་རང་བྱུང་ལྷད་མེད་དང་དམིགས་བསལ་རང་བཞིན་གང་ལེགས་མངོན་པར་བྱས་ཏེ་བོད་ཀྱི་དབྱི་ཧྲེང་ཅུན་སྤུས་རྟགས་ཀྱི་འགྲན་རྩོད་ནུས་པ་གཏོད་རྒྱུ་ཡིན་པ་རེད། རྣམ་གྲངས་ཚང་མ་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། ལྷོ་ཁ་གྲོང་ཁྱེར་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་སྟར་ཁ་ཞིབ་སྣོན་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ནས་ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཕྲ་རབ་ཐོན་ལས་འཕེལ་རྒྱས་དང་། སྲོལ་རྒྱུན་ཐོན་ལས་དེང་རབས་ཅན་གྱི་འཕེལ་རྒྱས། ཁྱད་ལྡན་ཐོན་ལས་རིམ་སྤོར་བཅས་ལ་སྐུལ་འདེད་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་དང་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུར་རོགས་སྐྱོར་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།