[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • ཚན་རྩལ་ཞབས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་དམངས་ཕན་ལ་སྐུལ་འདེད་བཏང་བ།

    ​ —— ཆབ་མདོ་གྲོང་ཁྱེར་གྱིས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    ཆབ་མདོ་གྲོང་ཁྱེར་གྱིས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་སྤེལ་བ་ནས་བཟུང་། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ། འགག་རྩའི་ལག་རྩལ་འགག་སྒྲོལ་དང་བཀོལ་སྤྱོད་གཞན་སྒྱུར་ལ་ཤུགས་སྣོན་རྒྱག་པ་དང་། དམངས་འཚོའི་ཚན་རྩལ་གྱི་ཞན་ཆ་གསབ་པ། ཚན་རྩལ་གྱི་དབུལ་སྐྱོར་གསར་སྤེལ་ཤུགས་ཆེན་བྱེད་པ། གཞི་རིམ་གྱི་གསར་གཏོད་གསོན་ཤུགས་གང་ལེགས་འཕེལ་བར་བྱེད་པ་བཅས་ཀྱི་སྒོ་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།

    ད་ཕན་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཚན་རྩལ་ཁྱབ་གདལ་ལས་ཀའི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། གསར་འགྱུར་སྨྱན་སྦྱོར་ཁག་སྤྱོད་པ། དྲ་རྒྱའི་ལས་སྟེགས་སོགས་སྨྱན་སྦྱོར་གསར་པའི་ནུས་པ་འདོན་སྤེལ་བྱེད་པ། ཚན་རྩལ་གཤམ་སྐྱོད་ཀྱི་ལས་དོན་ཡག་པོ་སྤེལ་བ། ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་དང་ཚན་རྩལ་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ཁག་ཧུར་ཐག་སྤེལ་བ། ཆབ་མདོ་གྲོང་ཁྱེར་གྱི་ཁམས་པའི་སྨྱན་སྦྱོར་བརྙན་འཕྲིན་ལས་ཁུངས་སུ་ཚན་རྩལ་ཁྱབ་གདལ་གྱི་ཆེད་སྒྲིག་ལེ་ཚན་བཏོད་དེ་ཆབ་མདོ་གྲོང་ཁྱེར་གྱི“དྲ་སྦྲེལ+ཚན་རྩལ་ཁྱབ་གདལ(ལག་ཐོགས་ཁ་པར་ཚགས་པར)”ལས་དོན་ལེགས་སྒྲུབ་བྱེད་པ། ཞིང་འབྲོག་མང་ཚོགས་དང་། གཞོན་ནུ་ལོ་ཆུང་། གཞི་རིམ་གྱི་ཚན་རྩལ་ལས་དོན་པ་སོགས་ལ་ཕྱོགས་ནས་ཚན་རྩལ་ཁྱབ་གདལ་དང་དྲིལ་བསྒྲགས་ལས་དོན་རྒྱ་ཁྱབ་ངང་སྤེལ་ཡོད་པ་རེད།

    དེ་དང་ཕྱོགས་མཚུངས། ཆབ་མདོ་གྲོང་ཁྱེར་གྱིས་ཚན་རྩལ་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མང་ཚོགས་དབུལ་པོར་ཕྱུག་འགྱུར་གྱི་ཐབས་ལམ་འཆར་འགོད་དང་བྱ་ཐབས་སྣ་ཚོགས་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་ཡོང་བར་རམ་འདེགས་བྱས་ཡོད། རྫོང་དང་ཆུས་11གིས་གྲབས་འཛུགས་ཧུར་ཐག་བྱེད་པ་དང་གཞོགས་འདེགས་ཤུགས་ཆེན་བྱས་པ་བརྒྱུད། 2019ལོའི་ཟླ་7པའི་ཟླ་མཇུག་བར། ཆབ་མདོ་གྲོང་ཁྱེར་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས་268ལ་ཚན་རྩལ་ཁྱབ་གདལ་གཏོང་བའི་ལས་དོན་ལེགས་སྒྲུབ་བྱས་ཏེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས་ལ་ཚན་རྩལ་ཁྱབ་གདལ་གྱི་དཔེ་དེབ་དང་ཚན་རྩལ་ཁྱབ་གདལ་གྱི་ལྟོ་ཕད་སོགས་རིན་ཐང་སྒོར་ཁྲི་108.9རི་བའི་ཚན་རྩལ་ཁྱབ་གདལ་དཔྱད་གཞི་བརྩོན་ལེན་བྱས་པ། རི་བོ་ཆེ་དང་སྟེང་ཆེན་རྫོང་གཉིས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས་60ལྷག་ཙམ་ལ་འདེབས་འཛུགས་གསོ་ཚགས་ལག་རྩལ་གྱི་འབྲེལ་ཡོད་དཔྱད་གཞིའི་དཔེ་དེབ་ཁྲི་1.3ལྷག་ཙམ་སྤྲད་པ། 《ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་བོད་སྨན་སྨན་རྒྱུ་འདེབས་འཛུགས་རྟེན་གཞི》འཛུགས་སྐྲུན་གྱི་རྣམ་གྲངས་ལེགས་གྲུབ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་རྨང་བརྟན་དམངས་ཕན་གྱི་ཚན་རྩལ་ཁྱབ་གདལ་བྱ་སྤྱོད་རྣམ་གྲངས་9དོན་འཁྱོལ་བྱས་ཡོད་པ་རེད།

    གཞི་རིམ་གྱི་ཚན་རྩལ་གསར་གཏོད་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་ཆེད་ཆབ་མདོ་གྲོང་ཁྱེར་གྱིས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཀྱིས་གསར་གཏོད་ལ་བརྟེན་ནས་རྫོང་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད། ཆབ་མདོ་གྲོང་ཁྱེར་གྱིས་ཚན་རྩལ་ཆེད་བཀོད་པ་2000ལྷག་ཙམ་མངགས་ནས་ཞིང་འབྲོག་པ་མི་ཐེངས་ཁྲི་7ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་། ལག་རྩལ་གསར་པ་དང་སྣ་ཁ་གསར་པ་18ནང་འདྲེན་དང་སྦྲགས་ཁྱབ་གདལ་བཏང་ནས་དཔལ་འབྱོར་དངོས་ཚན་71གཉེར་བས། ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་3770.2ལྷག་ཙམ་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།