[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • མངའ་རིས་ཀྱིས་ཚན་རྩལ་ལས་དོན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ལེགས་གཏོང་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-27

    ● གནས་བབ་ཨང་དང་པོར་དམ་འཛིན་བྱས་ཏེ་ཚན་རྩལ་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་སྔར་བས་མཐོ་རུ་བཏང་བ།

    ● གཙོ་གནད་ལ་དམ་འཛིན་བྱས་ཏེ་ཚན་རྩལ་རྣམ་གྲངས་ཀྱི་དཔེ་སྟོན་གྲུབ་འབྲས་སྔར་བས་གཞན་སྒྱུར་བྱས་པ།

    ● རྨང་གཞིར་དམ་འཛིན་བྱས་ཏེ་ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་བྱེད་རྒྱ་སྔར་བས་ཆེ་རུ་བཏང་བ།

    འདི་ལོ་ཚུན་ཚན་རྩལ་ལས་དོན་ཡག་པོ་སྒྲུབ་ཆེད་མངའ་རིས་ས་ཁུལ་ཚན་རྩལ་ཅུས་ཀྱིས་དཔུང་ཁག་འཛུགས་སྐྱོང་གནས་བབ་ཨང་དང་པོར་འཇོག་པ་དང་། གྲུབ་འབྲས་གཞན་སྒྱུར་གཙོ་གནད་དུ་བྱེད་པ། ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་རྨང་གཞིར་བྱེད་པ་བཅས་བྱས་ཏེ་ཐབས་མང་མཉམ་སྤྱོད་ཀྱིས་ཚན་རྩལ་ལས་དོན་རྒྱུན་རྣམ་ཅན་གྱི་དོ་དམ་དོན་འཁྱོལ་བྱས་ནས་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    གནས་བབ་ཨང་དང་པོར་དམ་འཛིན་བྱས་ཏེ་ཚན་རྩལ་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་སྔར་བས་མཐོ་རུ་བཏང་ཞིང་། མངའ་རིས་ས་ཁུལ་ཚན་རྩལ་ཅུས་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད་ཡག་པོ་བཅས་ལྷུ་ཚིགས་གསུམ་ནས་འགོ་བཙུགས་ཏེེ“ཕྱིར་སྐྱོད་པ་དང་ནང་དུ་གདན་དྲངས་པའི”བྱེད་ཐབས་སྤྱད་ནས་ལོ་ལྟར་གྲངས་འབོར་ངེས་ཅན་གྱི་ཆེད་ལས་ལག་རྩལ་མི་སྣ་དང་། ཚན་རྩལ་ཆེད་མངགས་པ། ཕྱུག་འགྱུར་འཇོན་ཐང་ཅན་ཧྲའན་ཤིས་དང་ཧོ་པེར་སློབ་སྦྱོང་དང་། གསོ་སྦྱོང་། རྟོག་ཞིབ་བཅས་ལ་མངགས་པ་དང་འབྲེལ་ཚན་རྩལ་ཆེད་མངགས་པ་268བཀོད་སྒྲིག་བྱས་ཏེ་གྲོང་ཚོ(གྲོང་ལྷན)134ལ་ཡོངས་ཁྱབ་100%ཐུབ་པ་བྱུང་ཡོད།

    གཙོ་གནད་ལ་དམ་འཛིན་བྱས་ཏེ་ཚན་རྩལ་རྣམ་གྲངས་ཀྱི་དཔེ་སྟོན་གྲུབ་འབྲས་སྔར་བས་གཞན་སྒྱུར་བྱས་ཤིང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་མངའ་རིས་ས་ཁུལ་ཚན་རྩལ་ཅུས་ཀྱིས་ཞིང་འབྲོག་དང་། དབུལ་སྐྱོར། ཆུ་བེད་སོགས་སྡེ་ཚན་ལ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་འདེགས་སྐྱོར་མཁོ་འདོན་བྱས་ནས་ཚན་རྩལ་གྲུབ་འབྲས་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་འགྱུར་བའི་གོམ་སྟབས་མགྱོགས་སུ་བཏང་ཡོད།

    རྨང་གཞིར་དམ་འཛིན་བྱས་ཏེ་ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་བྱེད་རྒྱ་སྔར་བས་ཆེ་རུ་བཏང་ཞིང་། མིག་སྔར་མངའ་རིས་ས་ཁུལ་གྱིས་རིམ་རྩིས་བྱས་ན་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ཡུལ་33དང་། ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲཌ་བར་ཁྱམས་1 LEDགློག་རྡུལ་ཚན་རྩལ་ཁྱབ་གདལ་རི་མོའི་བར་ཁྱམས་1བཅས་བསྐྲུན་པ་དང་། ས་ཁུལ་དང་རྫོང་གི་ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་རླངས་འཁོར་7ཡོད། དེ་དང་ཆབས་ཅིག“ཞིང(འབྲོག)དུད+མཐུན་ཚོགས”ཀྱི་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཁྱབ་གདལ་ཞིང་ཕན་གྲོང་དར་གྱི་དཔེ་སྟོན་རྟེན་གཞི་8དང་གྲོང་གསེབ་ཀྱི་ཚན་རྩལ་ཁྱབ་གདལ་སྣེ་ཁྲིད་པ་13གྲུབ་འབྲས་ཐོབ་པའི་སྒོ་ནས་རེ་ཞུ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།