[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • ཚན་རྩལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་།

    ——ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུའི་རིང་གི་བོད་ཀྱི་ཚན་རྩལ་བྱ་གཞག་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-17

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་ཚན་རྩལ་ལས་དོན་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད།

    ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིགས་ཁག་གི་ཚན་རྩལ་འཆར་གཞིའི་རྣམ་གྲངས་སྟོང་ལ་ཉེ་བ་ལག་བསྟར་བྱས་ཤིང་། འདི་ལོའི་ཟླ་དགུ་པའི་བར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར་21.7དོན་འཁྱོལ་བཀོད་སྒྲིག་བྱས་པ་ལས། ནོར་སྲིད་ཀྱིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་ལ་བཏང་བའི་གཏོང་ཆས་ནོར་སྲིད་ཀྱིས་ཚན་རྩལ་ལ་བཏང་བའི་གཏོང་ཆ་ཡོངས་ཀྱི་60%བརྒལ་ཡོད། 2018ལོའི་ལོ་མཇུག་བར་ཚན་རྩལ་ཡར་ཐོན་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་ཀྱིས་སྐྱེས་འབུལ་ཚད་43%ཟིན་པ་དང་། ཞིང་འབྲོག་ལས་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་49%ཟིན་པ། ཚན་རིག་ཁྱབ་གདལ་ཐུབ་ཚད་90%ཡན་ཟིན་ཡོད།

    ཚན་རྩལ་དོ་དམ་མ་ལག་གཞི་རྩའི་ཆར་འཐུས་སྒོ་ཚང་དུ་སོང་བ།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རྩལ་མི་སྣ་འབོར་ཆེན་བོད་དུ་བཏང་ནས་འཛུགས་སྐྲུན་བྱ་གཞག་ཁག་ལ་ཞུགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རིང་ཚན་རྩལ་གྱི་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱས་ཡོད། 1974ལོའི་ཟླ་གསུམ་པར་རང་ལྗོངས་སུ་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཨུ་ལྷན་བཙུགས་ཏེ་གྲོང་ཁྱེར་དང་། ས་ཁུལ། རྫོང་གི་ཚན་རྩལ་དོ་དམ་སྒྲིག་གཞི་སྔ་རྗེས་སུ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།

    རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་འཕྲིན་ལས་དབང་རྒྱལ་གྱིས་ལོ་ངོ་70ཡི་རིང་རང་ལྗོངས་ཀྱི་ཚན་རིག་ཞིབ་འཇུག་དང་ཁྱབ་གདལ་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་ཞིང་། 1952ལོའི་ཟླ་7ཚེས་1ཉིན་བོད་ཀྱི་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་པོ་སྟེ། ལྷ་སའི“བདུན་གཅིག”ཞིང་འབྲོག་ལས་ཚོད་ལྟ་ར་བ་བཙུགས་པ་ནས་2016ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ། རྫོང་བཅས་རིམ་གསུམ་ལ་ཁྱབ་པའི་ཞིང་འབྲོག་ལས་ལག་རྩལ་ཁྱབ་གདལ་སྒྲིག་གཞི་བཙུགས་པ་རེད། ཚན་རྩལ་བར་འབྲེལ་ཞབས་ཞུའི་སྒྲིག་གཞི་མེད་པ་ནས་ཡོད་པའི་བར་གྲོང་ཁྱེར་དང་ས་ཁུལ་བདུན་གྱིས་ཐོན་སྐྱེད་ནུས་ཤུགས་སྐུལ་སྤེལ་ལྟེ་གནས་དང་ཚན་རྩལ་གསར་གཏོད་ཞབས་ཞུའི་སྒྲིག་གཞི་སྔ་རྗེས་སུ་བཙུགས་པ་རེད།

    རང་ལྗོངས་ཀྱི་ཚན་རྩལ་དོ་དམ་སྡེ་ཚན་གྱི་དོ་དམ་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ནས་རྣམ་གྲངས་ཀྱི་མ་དངུལ་ལྟ་འདོམས་ཐད་དགེ་མཚན་ལྡན་པའི་སྒྱུར་བཅོས་མང་པོ་བྱས་ཏེ་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་དང་། ཚན་རྩལ་མནའ་འབྲེལ་བཙུགས་པ། དབུ་ཞུགས་རིགས་གཅིག་མཁས་ཅན་གྱི་ལམ་ལུགས་ཁྱབ་སྤེལ་གཏོང་བ། ཚན་རྩལ་སྙན་ཞུའི་ལམ་ལུགས་ཁྱབ་སྤེལ་གཏོང་བ། ཚན་རྩལ་སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་བྱས་ཡོད། ཚན་ཞིབ་སྒྲིག་གཞིའི་ནང་ཁུལ་གྱི་འཁོར་རྒྱུག་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་ནས་དོ་དམ་ལམ་ལུགས་གསར་གཏོད་ལ་འཚོལ་ཞིབ་བྱས་པས་ཕན་འབྲས་བཟང་པོ་ཐོན་ཡོད།

    ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་ཟམ་མི་ཆད་པར་སྟོབས་ཆེར་སོང་བ།

    ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུ་དེ་ཚན་རྩལ་ལས་དོན་གྱི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ཤིང་། 2018ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ལ་ཆེད་ལས་ལག་རྩལ་མི་སྣ་སྣ་ཚོགས་ཁྲི་8.7ཡོད། 2018ལོའི་ལོ་མཇུག་བར་རང་ལྗོངས་ནས་བློ་མཐུན་14ཚན་རྩལ་པུའི་གསར་གཏོད་ཤེས་ལྡན་པའི་སྐུལ་སྤེལ་འཆར་གཞི་དང་མི་ཁྲིའི་འཆར་གཞི་སོགས་ནང་ཚུད་པ་དང་བོད་ལྗོངས་སློབ་ཆེན་དང་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཚན་རྩལ་པུའི“གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་དཔེ་སྟོན་རྟེན་གཞིའི”ནང་ཚུད་ཡོད། 2019ལོའི་ལོ་མཇུག་བར་རང་ལྗོངས་སུ་ཚན་རྩལ་ཆེད་མངགས་པ་10519ཡོད་པ་དེ་དག་སྲིད་འཛིན་གྲོང་ཚོ་ཡོངས་ལ་ཁྱབ་ཡོད། “ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་པ་4805འདེམས་གཏོང་བྱས་ནས་ལྗོངས་ཡོངས་ཀྱི་རྫོང་74ལ་ཁྱབ་ཡོད།

    ས་མཐོའི་ཚན་རྩལ་ལས་དོན་པ་མི་རབས་ནས་མི་རབས་བར་གྱིས་ས་མཐོའི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་རང་ཉིད་ཀྱི་ལང་ཚོ་སྐྱེས་སུ་ཕུལ་ཡོད། དེའི་ནང་མཚོ་བོད་ཀྱི་བུ་ཕྲུག་སུན་ཧུང་དང་། ཀྲུང་གོའི་དེང་རབས་འཁྱགས་རོམ་ཞིབ་འཇུག་མཁས་ཅན་ཧྲི་ཡ་ཧྥུང་། བོད་རིགས་ཀྱི་ཡོན་ཧྲི་རྡོ་རྗེས་མཚོན་བྱེད་དུ་བྱས་པའི་ཡོན་ཧྲི་47 རང་ལྗོངས་ཀྱི་ཉི་མ་བ

    ཀྲ་ཤིས་དང་ལིའུ་ཝུའུ་ལིང་སོགས་ཕུལ་བྱུང་གི་ཚན་རྩལ་ལས་དོན་པ་ཁག་གཅིག་གིས་རང་ལྗོངས་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་ཤེས་ལྡན་པའི་འགན་ལེན་དང་རིག་ནུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད།

    ཚན་རྩལ་གསར་གཏོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱས་པ།

    འཕྲིན་ལས་དབང་རྒྱལ་གྱིས“ཚན་རྩལ་གསར་གཏོད་ཀྱིས་ཐོན་འཕར་དང་འབབ་འཕར་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། སོན་བཟང་གསོ་སྤེལ་དང་ཐབས་བཟང་ཁྱབ་གདལ་བཏང་བས་འབྲུ་རིགས་མུའུ་རེའི་ཐོན་འབབ་མང་དུ་སོང་ཡོད་ལ་ཚན་རྩལ་གྱིས་དམངས་ལ་ཕན་པ་ཐོན་པའི་ཕན་ནུས་ཀྱང་མངོན་གསལ་དོད་དུ་སོང་ནས་ལྷ་སའི་ཤ་མོ་དང་། གཞིས་རྩེའི་ནས་ཀྱི་བཟའ་བཅའ། ལྷོ་ཁའི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས། ཉིང་ཁྲིའི་མོག་རོ་སོགས་ཁྱད་ལྡན་ཐོན་ལས་དང་རྒྱལ་ཁབ་ཀྱི་ས་གཤིས་མཚོན་རྟགས་སྐྱེད་སྲིང་བྱས་ཡོད”ཅེས་བཤད།

    ཚན་རྩལ་གསར་གཏོད་ཀྱིས་ལས་གྲྭ་གལ་ཆེན་གྱི་འཛུགས་སྐྲུན་ལ་ཡང་འདེགས་སྐྱོར་ཤུགས་ཆེན་བྱས་ཤིང་། ཕུག་ལམ་དང་ཟམ་པའི་ཚན་རྩལ་གྱི་འགག་གནད་སྒྲོལ་བ་དེས་ལྷ་གཞིས་ལྕགས་ལམ་དང་ལྷ་ཉིང་རིམ་མཐོའི་གཞུང་ལམ་སོགས་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་ལ་འགན་ལེན་ནུས་ལྡན་བྱས་ཡོད།

    མཚོ་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ཚན་རྩལ་གྲུབ་འབྲས་གལ་ཆེན་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ནས་2008ལོའི་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་བྱ་དགའི་དམིགས་བསལ་བྱ་དགའ་སོགས་མང་པོ་ཐོབ་ཡོད།

    གྲུབ་འབྲས་དེ་དག་ལས་ཚན་རྩལ་གསར་གཏོད་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ་ར་སྤྲོད་གང་ལེགས་བྱུང་ཡོད།

    བོད་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་ལྟ་བྱེད་སྐབས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་སྤོབས་པ་སྐྱེས་འོས་པ་ཞིག་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གསར་པར། ལྗོངས་ཡོངས་ཀྱི་ཚན་རྩལ་ལས་རིགས་ཀྱིས་ཏང་དང་མི་དམངས་ཀྱི་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་འཕེལ་རྒྱས་གསར་པ་དང་འབྱུང་འགྱུར་གསར་པར་འཆར་འགོད་ཞིབ་ཚགས་བྱས་ཏེ་བསམ་བློའི་འཁྱེར་སོ་བཟང་པོའི་ཐོག་ནས་ཚན་རྩལ་བྱ་གཞག་གི་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་བཅས་ལ་སྐུལ་འདེད་གཏོང་ཆེད། ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།