[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • ​ ཚན་རིག་མཁས་ཅན་ལ་ད་བར་ནུས་ཚད་མཐོ་ཤོས་ཀྱི་འཇིག་རྟེན་གྱི་ཀ་མ་འཕྲོ་འོད་ཤེས་རྟོགས་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-05

    བོད་ལྗོངས་ཡངས་པ་ཅན་ASgammaཚོད་ལྟ་སྒྲིག་གཤོམ་ས་བབ་མཐོ་ཚད་སྨི་4300ཡོད་པའི་བོད་ལྗོངས་ཡངས་པ་ཅན་དུ་གནས་ཤིང་། 1990ལོའི་དུས་ཐེངས་དང་པོའི་ཚོད་ལྟ་སྒྲིག་གཤོམ་བསྐྲུན་ནས་སྤྱོད་འགོ་ཚུཌ་རྗེས་རིམ་སྤོར་སྒྱུར་བཀོད་ཐེངས་མང་བྱས་པས་དགུ་ཚིགས་ཁོངས་གཏོགས་ཀྱི་འཇིག་རྟེན་ལམ་ཐིག་གི་འཚོལ་ཞིབ་ཐིག་ལེན་ཞིབ་འཇུག་ལ་ཤེས་རྟོགས་གལ་ཆེན་རབ་དང་རིམ་པ་བྱུང་ཡོད།

    638987_yis_1562217317602_b.jpg

    ཚེས་3ཉིན། ཀྲུང་གོ་ཚན་རིག་ཁང་ནུས་ཆེ་དངོས་ཁམས་ཞིབ་འཇུག་སུའོ་ཡིས་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་དོན། ཉེ་ཆར་རང་རྒྱལ་གྱི་བོད་ལྗོངས་ཡངས་པ་ཅན་ASgammaཚོད་ལྟ་སྒྲིག་གཤོམ་ལ་ད་བར་ནུས་ཚད་མཐོ་ཤོས་ཀྱི་འཇིག་རྟེན་གྱི་ཀ་མ་འཕྲོ་འོད་ཤེས་རྟོགས་བྱུང་བ་ལས་ནུས་པ་ཧ་ཅང་ཆེ་བའི་ཀ་མ་འཕྲོ་འོད་ཀྱི་གནམ་དཔྱད་ལྟ་ཞིབ་100TEVདང་དེ་ཡན་གྱི་ལྟ་ཞིབ་ནུས་པའི་དུས་མཚམས་སུ་སླེབས་ནས་འཇིག་རྟེན་གྱི་སྐར་མའི་གོ་ལ་མཐའ་སྣེའི་ངོ་བོ་རྟོགས་པར་ཕན་པ་ཡོད་པ་མཚོན་ཞིང་། འདི་ནི་རྣམ་གྲངས་ཚོགས་ཆུང་གི་ཁོངས་མི་ལིའུ་མའོ་ཡོན་དང་ཀའོ་ཆི(གཡོན)ཡིས་བོད་ལྗོངས་ཡངས་པ་ཅན་ASgammaཚོད་ལྟ་སྒྲིག་གཤོམ་དུ་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།