[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • ཚན་རྩལ་འོད་སྣང་གངས་ལྗོངས་ཉིང་ཁྲིར་འཕྲོས།

    ཉིང་ཁྲི་གྲོང་ཁྱེར་གྱི་ཚན་རིག་ཁྱབ་གདལ་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-19

    “འདི་ལོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས། རྒྱལ་གཅེས་ཆོས་གཅེས་བཅས་ཀྱི‘གཤམ་སྤེལ་ལྔའི’བྱེད་སྒོ་མང་ཚོགས་དང་ཐག་ཉེ་ཞིང་སྤྱོད་གོ་ཆོད་པ་དེས་ང་ཚོའི་དངོས་སྤྱོད་ལག་རྩལ་སྦྱོང་སེམས་དང་ཚན་རིག་ཁྱབ་གདལ་ཤེས་བྱ་རྟོགས་སེམས་འཕེལ་ནས་ཚན་རྩལ་ཕྱུག་འགྱུར་ལ་བརྟེན་པ་དང་ཏང་གི་སྲིད་ཇུས་བཟང་པོའི་སྐུལ་ལྕག་འོག་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ་ངེས་རེད”ཅེས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི་མང་ཚོགས་སྤེན་དབྱངས་ཀྱིས་དགའ་སྤྲོའི་ངང་བཤད།

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱིས“2018ལོ་འཁོར་གྱི་རང་སྐྱོང་ལྗོངས་ཀྱི‘ཚན་རྩལ་གཤམ་སྤེལ’གྱི་གཅིག་སྡུད་ཞབས་འདེགས”བྱེད་སྒོ་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དགའ་པ་ཐང་ཆེན་དུ་སྤེལ་ཞིང་། རྫ་ཡུལ་རྫོང་གྲོང་མཐའ་འཁོར་གྱི་ཞིང་འབྲོག་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ། ཚན་རྩལ་ཆེད་མངགས་པ། གྲྭ་བཙུན་གྱི་འཐུས་མི། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་བཅས་མི་1000ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད། འགྲེམས་ཞུགས་ཚན་པ་ཁག་གིས་ཚན་རྩལ་བློ་འདྲི་དང་། འོས་འགན་སྨན་བཅོས། རིམས་ནད་སྔོན་འགོག་ཁྱབ་གདལ། ཚན་རིག་དང་མཐུན་པའི་ངང་སྨན་སྤྱོད་པ། དཔྱད་གཞིའི་ཡིག་རིགས་སྤྲོད་པ། གཅིག་སྡུད་སློབ་ཁྲིད། ས་གནས་ས་ཐོག་གི་མཛུབ་ཁྲིད་སོགས་བྱེད་ཐབས་སྣ་མང་གི་བྱེད་སྒོ་སྤེལ་བ་རེད།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་མཐའ་འཁྱོངས་དང་། “ཚན་རྩལ་གྱི་ཚོགས་འདུ་གསུམ”དང་མང་ཚོགས་ཚོགས་པའི་སྒྱུར་བཅོས་ལས་ཀའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར། རྒྱ་ཆེའི་ཚན་རྩལ་ལས་དོན་པར་མཐུན་སྒྲིལ་དང་སྣེ་ཁྲིད་ནན་ཏན། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན། ཀུན་གྱིས་བྱ་གཞག་སྐྲུན་དམངས་ཀྱིས་གསར་གཏོད་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དམངས་ཡོངས་ཀྱི་ཚན་རྩལ་གྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།

    མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱི་ཚན་རྩལ་ཡར་ཐོན་གྱིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་41%ཟིན་པ་དང་། ཞིང་འབྲོག་ལས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་46%ཟིན་པ། གྲོང་གསེབ་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་ཚད་92%ཟིན་ཡོད་པ་རེད།

    2017ལོར། ཉིང་ཁྲི་གྲོང་ཁྱེར་གྱིས་ཆེད་མངགས་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་ཁོངས་མིར་བྱས་པའི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ལས་དོན་འགོ་ཁྲིད་ཚོགས་ཆུང་14བཙུགས་ནས་གྲོང་ཁྱེར་དང་། རྫོང་། ཆུས་བཅས་ཀྱི་ཚན་རིག་ཁྱབ་གདལ་གྱི་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་ཚན་རིག་ཁྱབ་གདལ་གྱི་འགྲོ་གྲོན་སྒོར་ཁྲི་40ལྷག་ཙམ་བརྩོན་ལེན་བྱས་ཏེ་རང་སྐྱོང་ལྗོངས་རིམ་པའི“གཞི་རིམ་ཚན་རིག་ཁྱབ་གདལ་གྱི་བྱ་སྤྱོད་འཆར་གཞིའི”རྣམ་གྲངས་3བདེ་བླག་ངང་རེ་ཞུ་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ཚན་རིག་ཁྱབ་གདལ་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    ཉིང་ཁྲི་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱིས“གཤམ་སྤེལ་ལྔ”དང་། ཚན་རྩལ་བྱེད་སྒོའི་གཟའ་འཁོར། ཚན་རྩལ་ལས་དོན་པའི་ཉིན་མོ། ཚན་རིག་ཁྱབ་གདལ་ཉིན་མོ། ཚན་རིག་མཐུན་ཚོགས་ཁོངས་མིའི་ཉིན་མོ་སོགས་དྲིལ་བསྒྲགས་མཚམས་ཚིགས་སྤྱད་དེ་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱས་ནས་སློབ་འབྲིང་གི་ཚན་རྩལ་ཁང་དང་། རང་བྱུང་དངོས་མང་སྟོན་ཚོགས་ཁང་། གྲོང་ཁྱེར་ཚན་རྩལ་དཔེ་སྟོན་གླིང་སོགས་ཚན་རིག་ཁྱབ་གདལ་ཁང་སྣ་ཚོགས་སྒོ་ཕྱེ་སྟེ་ཚན་རིག་གྲོང་གསེབ་དང་། ལས་ཁུངས། སྡེ་ཁུལ། སློབ་གྲྭ། དགོན་སྡེ་བཅས་སུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་ཐེངས་144སྤེལ་བ་དང་ཕན་པ་ཐོབ་མཁན་མི་ཐེངས་17200ལྷག་ཙམ་ཟིན་ཡོད་པ་རེད།

    2017ལོར། ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཉིང་ཁྲི་གྲོང་ཁྱེར་གྱིས་ཚན་རིག་ཁྱབ་གདལ་གྱི་ཀྲུང་གོའི་སློབ་གྲྭའི་འབབ་ཚུགས་e(ཀོང་པོ་རྒྱ་མདའ་རྫོང་སློབ་འབྲིང)དང་གྲོང་གསེབ་ཀྱི་འབབ་ཚུགས་e(བྲག་ཡིབ་ཆུས་བུ་ཆུ་ཤང)ཐོག་མར་བཙུགས་པ་རེད། ཉིང་ཁྲི་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱིས་ད་དུང་ཆེད་དོན་མ་དངུལ་བཏང་བ་དེ་དག་སྨན་གླིང་རྫོང་དུང་མཚོ་དཔེ་སྟོན་སྡེ་ཁུལ་འཛུགས་སྐྲུན་ལ་སྤྱད་པ་དེ་ལས་སྡེ་ཁུལ་གྱི་ཞབས་འདེགས་འཇོན་ཐང་ཆེ་རུ་ཕྱིན་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་ཞིག་ཐོན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་སུ“གཤམ་སྤེལ་ལྔའི”བྱེད་སྒོ་སྤེལ་རིང་ཉིང་ཁྲི་གྲོང་ཁྱེར་གྱི་ཚན་རྩལ་ཆེད་མངགས་པ་སོགས་ཚན་རྩལ་ལས་དོན་པ་འབོར་ཆེན་ཞིག་གཞི་རིམ་དུ་བསྐྱོད་ནས་སྔོན་ཐོན་རིག་གནས་ཁྱབ་སྤེལ་བརྗོད་དོན་གཙོ་བོར་བྱེད་པ་དང་། ཚན་རྩལ་དང་། འཕྲོད་བསྟེན། བཅའ་ཁྲིམས་ཤེས་བྱ་བཅས་ཁྱབ་གདལ་གཙོ་གནད་དུ་བྱེད་པ། ཤེས་དཔལ་སྲོལ་གསར་དར་སྤེལ་དམིགས་ཚད་དུ་བྱས་ནས་དྲོ་སྐྱིད་གྲོང་གསེབ་ལ་སྦྱིན་པ་དང་། སྤྲོ་སྣང་གཞི་རིམ་དུ་སྦྱིན་པ། ཞིང་འབྲོག་མང་ཚོགས་བདེ་ཐང་ཡོང་བ། ཚན་རྩལ་ཞིང་ནང་མུ་ཁར་དྲིལ་བསྒྲགས་བཅས་བྱེད་པའི་ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་ཞིང་སྐྱོར་ཞིང་ཕན་དང་ཞིང་ཕན་གྱི་བཀྲག་མདངས་འཚེར་བའི་སྤུས་རྟགས་སུ་གྱུར་པར་བྱས་པས་ཞིང་འབྲོག་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།