[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • ལྷ་སའི་ཚན་རྩལ་ཁེ་ལས་གསོ་སྦྱོང་གླིང་ཐོག་མ་དེ་བཙུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-19

    ཉེ་ཆར། ལྷ་ས་ཚན་རྩལ་གསོ་སྦྱོང་གླིང་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་དང་ལས་ཞུགས་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་དེ་ཐོག་ནས་ལྷ་སར་ཚན་རྩལ་ཁེ་ལས་ཀྱི་གསོ་སྦྱོང་གླིང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མཚོན་ཡོད།

    གསར་འགོད་པས་ཤེས་རྟོགས་བྱས་པར། ལྷ་སའི་ཚན་རྩལ་གསོ་སྦྱོང་གླིང་དང་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་རྟེན་གཞིའི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་16000ཙམ་ཡོད་ཅིང་། གྲོང་ཁྱེར་ཡོངས་ཀྱི་ངོས་ནས་བརྗོད་ན། ཚན་རྩལ་ཁེ་ལས་ཆེད་ལས་ཀྱི་གསོ་སྦྱོང་གླིང་དང་པོ་དེ་རེད་ལ། མིག་སྔར་ལྗོངས་ཡོངས་ཀྱི་ཚན་རྩལ་ཁེ་ལས་གསོ་སྦྱོང་གླིང་ཆེ་ཤོས་དེ་ཡང་ཡིན་པས། མཐོ་གསར་ལག་རྩལ་ཐོན་ལས་གསར་པ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ལྗོངས་ཡོངས་ཀྱི་ཚན་རྩལ་མ་ལག་གསར་གཏོད་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་རེད། མིག་སྔའི་བར་གསོ་སྦྱོང་གླིང་ནང་ཁེ་ལས་50ཙམ་ཡོད་པའི་ནང་གློག་རྡུལ་ཚན་རྩལ་དང་ས་གཙང་བདེ་ཐང་ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་ཡོད་པ་རེད། ཁེ་ལས་ནང་ཞུགས་པའི་གྲོས་མཐུན་གཞིར་བཟུང་། སློབ་ཆེན་སློབ་མར་ལས་ཞུགས་ཀྱི་ལྟ་སྦྱོང་ལས་གནས་150མཁོ་འདོན་བྱ་རྒྱུ་དང་འབྲེལ། མི་500ཙམ་ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།