[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • ལྷ་སའི་ཚན་རྩལ་ཀུན་གཏོད་བར་མཐོངས་ལ་སླར་ཡང་གཡུར་ཟའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-12

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོ་སྐབས་བཞི་པའི་ཐོག་འགྲན་རྩོད་དྲག་པོ་བྱས་པ་བརྒྱུད་ཨང་དང་པོ་ནས་གསུམ་པ་བར་བདམས་ཐོན་བྱུང་ཞིང་། ཁྱོན་རོགས་སྐྱོར་བྱ་དགའ་དངུལ་སྒོར་ཁྲི་35སྤྲད་པ་རེད།

    ལྷ་ས་གྲོང་ཁྱེར་ཚན་རྩལ་ཀུན་གཏོད་བར་མཐོངས་སུ་གསོ་སྐྱོང་བྱེད་བཞིན་པའི་ཁེ་ལས་ཏེ་ལྷ་ས་མཚུར་ཕུ་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིས་འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད་ལྷུན་གྲུབ་འགྲན་ཁུལ་གྱི་ཨང་དང་པོ་ཐོབ་ནས་མཐའ་བསྡུར་ནང་ཚུད་པ་མ་ཟད། སྐབས་འདིའི་འགྲན་བསྡུར་ཆེ་མོའི་ཨང་གཉིས་པ་ཐོབ་པ་དང་། ལྷ་ས་ཚན་རྩལ་ཀུན་གཏོད་བར་མཐོངས་ཀྱི་གསོ་སྐྱོང་ཁེ་ལས་བོད་ལྗོངས་པོ་དབྱི་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཀུན་ཕན་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སི། ལྷ་ས་མཚོ་གླག་མཐོང་རྒྱ་སློབ་གསོ་བློ་འདྲི་ཚད་ཡོད་ཀུང་སི་བཅས་གསུམ་གྱིས་སྐབས་དང་པོ་ནས་སྐབས་གསུམ་པ་བར་བཏོད་པའི་ཨང་དང་པོ་གཉིས་དང་ཨང་གཉིས་པ་གཅིག་གི་གཡུར་ཟའི་གྲུབ་འབྲས་ལས་ལྷ་ས་ཚན་རྩལ་ཀུན་གཏོད་ཀྱི་བར་མཐོངས་ཀྱི་གསོ་སྐྱོང་ཁེ་ལས་ཀྱིས་གསར་གཏོད་བྱེད་མཁས་པ་དང་རྩེར་སོན་བརྩོན་ལེན་བྱེད་པའི་གསར་གཏོད་ཀྱི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱས་པ་མཚོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།