[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • བོད་ཀྱིས“ཚན་སློབ་བོད་དར་གྱི་འདུ་འགོད”ལ་རྒྱུན་མཐུད་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-10

    བོད་ལྗོངས་འཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་དུས་འཚོགས་པའི་བོད་རང་སྐྱོང་ལྗོངས་ཚན་རྩལ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2018ལོར་བོད་ཀྱིས“ལས་སྟེགས་སྐྲུན་པ་དང། ཆེད་དོན་འགག་སྒྲོལ། གཞན་སྒྱུར་ལ་སྐུལ་འདེད། ཁྱབ་གདལ་རྒྱ་ཆེར་གཏོང་བ”བཅས་གཙོ་གནད་དུ་བཟུང་སྟེ་འཕེལ་རྒྱས་ལ་དམ་པོར་དམིགས་པ་དང་སྒྱུར་བཅོས་ཟབ་གཏོང་། ལྕག་སྐུལ་ལ་ཤུགས་སྣོན། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ“ཚན་སློབ་བོད་དར་གྱི་འདུ་འགོད”ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱིས་ལྟེ་བར་བྱས་པའི་ཕྱོགས་ཡོངས་ཀྱི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གསར་གཏོད་རྣམ་པའི་བོད་ལྗོངས་སྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། ལོ་ལྔའི་རིང་བོད་ཀྱིས་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྱོང་སོགས་ལ་འདེགས་སྐྱོར་བྱེད་པའི་ཐད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས་ཆིག་སྟོང་ཙམ་ལག་བསྟར་བྱས་པ་མ་ཟད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར་19.87བཀོད་སྒྲིག་ཀྱང་བྱས་པ་རེད།

    འདི་ལོ་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི“གསར་གཏོད་ཤེས་ལྡན་མི་སྣའི་སྐུལ་འདེད་འཆར་གཞི”དང“མི་སྟོང་གི་འཆར་གཞི”སོགས་ཤེས་ལྡན་མི་སྣ་འོས་སྦྱོར་གྱི་འཆར་གཞིའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་མ་ཟད། ད་དུང་《བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་མི་སྣའི་འཆར་གཞིའི་ལག་བསྟར་ཇུས་གཞི》མགྱོགས་མྱུར་འདོན་རྒྱུ་རེད། དམངས་ཀྱིས་ལས་གཏོད་བྱེད་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གསར་གཏོད་ལས་གཏོད་བྱེད་མཁན་ཤེས་ལྡན་མི་སྣར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཡོངས་ཁྱབ་རང་བཞིན་གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་འབྲེལ། སྤྱི་ཚོགས་དང་། དམངས་འཚོ། ཚན་རྩལ་བཅས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཡུལ་ནད་དང་ས་མཐོའི་ནད་འགོག་བཅོས་དང་བོད་ལུགས་གསོ་རིག་དེང་རབས་ཅན་དུ་འགྱུར་རྒྱུ་སོགས་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད། ཚན་རྩལ་གསར་གཏོད་ལ་བརྟེན་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་བདེ་ཐང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་རྒྱུ་རེད། གཞན་ཡང་ད་དུང་ཚན་རྩལ་སྒོ་རྩིས་ཚོང་ཁང་བཙུགས་ནས་ལྗོངས་ནང་ཁུལ་དུ་ཚན་རྩལ་སྒོ་རྩིས་ཚོང་ཁང་གི་ཞབས་ཞུའི་སྤུས་རྟགས་རྩེ་གྲ་བཏོད་དེ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།