[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • ཚན་རྩལ་གྱི་རླུང་བུས་གསར་གཏོད་ཀྱི་གྲུ་གཡོར་འདེད།

    ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-29

    ད་ཕན་ལོ་ཤས་ནང་། ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་ཐོན་ལས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་ཀྱི་བྱེད་པོ་སྟོབས་ཆེར་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ། གསར་གཏོད་ལ་བརྟེན་ནས་ཐོན་ལས་ཕྱོགས་སྒྱུར་དང་། གྲོང་ཁྱེར་ཕྱོགས་སྒྱུར། སྤྱི་ཚོགས་ཕྱོགས་སྒྱུར་བཅས་ལ་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ། གྲོང་ཁྱེར་གྱི་ལྟེ་བའི་འགྲན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།

    གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་ལེགས་སུ་བཏང་བ།

    2016ལོའི་ཟླ་7པར། ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་ཚན་རྩལ་ཀུན་གཏོད་བར་མཐོངས་དང་པོ་དེ་བཙུཌ་ནས་ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་ཀུན་གཏོད་བར་མཐོངས་ཀྱི་དོ་དམ་དང་ཞབས་ཞུར་སྔར་བས་ཤུཌ་སྣོན་བརྒྱབ་ཅིང་། མིག་སྔའི་བར་ལས་གཏོད་ཚོཌ་པ་55ནང་འདྲེན་བྱས་པའི་ནང་ཕྱིའི་ཁེ་ལས་29དང་རང་ལྗོངས་ཀྱི་ཁེ་ལས་26ཡོད་པ་དང་། སློབ་ཆེན་སློབ་མའི་ལས་གཏོད་ཚོཌ་པ་30དང་། གྲབས་བསྐྲུན་བྱས་པའི་གསར་གཏོད་ལས་གཏོད་རྣམ་གྲངས་46ཡོད་ཅིང་། ལས་གཏོད་མི་སྣ་151ལ་རོཌ་རམ་བྱས་པ་དང་། དེའི་ནང་སློབ་ཆེན་སློབ་མ་120ཡོད་པ་དང་། མི་གྲངས་441ལས་ཞུགས་ཐུབ་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་ནས་ཐོན་རྫས་རིན་ཐང་སྒོར་ཁྲི་1500ཟིན་ཡོད་པ་རེད།

    གཞན་ཡང་དཔལ་འབྱོར་གསར་སྤེལ་ཁུལ་དང་སྟག་རྩེའི་བཟོ་ལས་གླིང་གི་ཚན་རྩལ་སྐྱེད་སྲིང་ཁང་2བསྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་བ་དང་། སྔོན་དཔག་བྱས་ན་2018ལོར་གྲོང་ཁྱེར་ཡོངས་སུ་ཚན་རྩལ་སྐྱེད་སྲིང་ཁང་3བསྐྲུན་རྒྱུའི་དམིགས་ཚད་ལས་འགན་སྔ་སྣུར་དུ་ལེགས་སྒྲུབ་བྱ་རྒྱུ་རེད།

    གྲུབ་འབྲས་སྤོ་སྒྱུར་དང་གཞན་སྒྱུར་ལ་སྐུལ་འདེད་བཏང་བ།

    ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཚན་རྩལ་གསར་གཏོད་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་ཚན་རྩལ་ཡར་ཐོན་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ལྷ་ས་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་ཁྱེར་ཕྱི་ནང་གི་ཚན་རྩལ་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཁེ་ལས་ལ“བོད་ཀྱི་ནས་ཆང་ཞིབ་འཇུག་དང་གསར་སྤེལ”དང་། “བོད་རུམ་གྱི་འབུ་ཟས་སྔོན་འགོག་བཟོ་རྩལ་བརྒྱུད་རིམ་དང་དེ་བཞིན་བཟོ་རྩལ་གྱི་ཚད་གཞི་ཅན་ཞིབ་འཇུག” “བོད་ཀྱི་དབྱང་ཉུང་གཤེར་གཟུགས་སྐྱུར་བསྙལ་ལག་རྩལ་སྤྱད་དེ་ནས་ཚུའུ་ཐོན་སྐྱེད”སོགས་ཁྱད་ལྡན་ཐོན་ལས་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་འབྲེལ་ནས་རག་དང་། བོད་ཀྱི་དྲི་ཞིམ་ཆུ། རླན་ཕྱིས། ཞོག་སྨུག་སོགས་ཐོན་ལས་རབ་དང་རིམ་པ་གསར་སྤེལ་བྱས་པས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་གཞན་སྒྱུར་ལ་སྐུལ་མ་ཐེབས་པ་དང་། ཐོན་ལས་སྦྲེལ་ཐག་རིང་དུ་ཕྱིན་པ། ཞིང་ལས་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་ཆེ་རུ་ཕྱིན་པ། ལས་ཞུགས་རྒྱ་ཆེར་ཕྱིན་པ། ཞིང་ལས་ཐོན་ལས་ཅན་དང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་མ་ཐེབས་པ་བཅས་བྱུང་བ་རེད།

    སྤེལ་རེས་ལ་ཤུགས་སྣོན་གྱིས་ཆུ་ཚད་མཐོ་རུ་བཏང་བ།

    2013ལོར་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་ཅང་སུའུ་བོད་སྐྱོར་ལས་བྱེད་པ་གསར་རྙིང་བརྗེ་རེས་རྩིས་སྤྲོད་བྱས་པ་དང་འབྲེལ་པེ་ཅིང་གྲོང་ཁྱེར་ཚན་རྩལ་ཨུ་ལྷན་གྱི་ལས་བྱེད་པའི་བོད་སྐྱོར་སླར་གསོ་བྱས་པ་རེད། བོད་སྐྱོར་ལས་བྱེད་པའི་འབད་བརྩོན་ལྷོད་མེད་འོག ཁ་གཏད་རོགས་སྐྱོར་རྣམ་གྲངས་ཀྱི་མ་དངུལ་ཆེས་ཆེར་འཕར་ནས་ཅང་སུའུ་ཞིང་ཆེན་ཞིང་ལས་ཚན་རྩལ་ཁང་སྔོ་ཚལ་ཞིབ་འཇུག་སུའོ་དང་སྟོད་ལུང་བདེ་ཆེན་སྒང་བདེ་གླིང་དབར་སྔོ་ཚལ་གྱི་སྣ་ཁ་གསར་པ་འདྲེན་པའི་དཔེ་སྟོན་ཞིབ་འཇུག་མཉམ་ལས་རྣམ་གྲངས་ལ་གྲོས་མཐུན་བྱུང་བ་རེད། རང་སྐྱོང་ལྗོངས་དང་གྲོང་ཁྱེར་འགོ་ཁྲིད་ཀྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་། ཚན་རྩལ་པུའི“རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ”གྱི་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ཏེ་ལྷ་སར་བརྟག་ཞིབ་དང་འཆད་ཁྲིད་གནང་བ་དང་འབྲེལ《བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་འཆར་འགོད》དང《རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་འཆར་འགོད》ཀྱང་བཟོས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།