[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • “502”སྦྱར་རྩིས་ལག་པ་འབྱར་ན་ཇི་ལྟར་བྱེད་དགོས།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2021-12-21

    1. འདག་ཁུས་བཀྲུ་དགོས། 

    “502”སྦྱར་རྩིས་ལག་པ་འབྱར་ཚེ། ཤུགས་རྒྱག་རྒྱུ་མེད་པར་འདག་ཁུ་བླུགས་པའི་ཆུ་དྲོད་འཇམ་ནང་ལག་པ་སྦངས་དགོས་པ་དང་། དུས་ཚོད་ཡུད་ཙམ་སོང་རྗེས་ལག་པའི་མཛུབ་མོ་ག་ལེར་ཁ་ཕྲལ་ན་འགྲིག

    2. སེན་མོ་འཁྲུད་བྱེད་ཀྱི་ཆུས་བཀྲུ་དགོས།

    “502”སྦྱར་རྩིས་ལག་པ་དམ་པོ་འབྱར་ཚེ། སེན་མོ་འཁྲུད་བྱེད་ཀྱི་ཆུ་ལག་པ་འབྱར་སའི་ཐོག་བྱུག་དགོས། 

    3. འཕྲུལ་སྣུམ་གྱིས་བཀྲུ་དགོས།

    “502”སྦྱར་རྩིས་ལག་པ་དམ་པོ་འབྱར་ཚེ། སེན་མོ་འཁྲུད་བྱེད་ཀྱི་ཆུ་མེད་ན། འཕྲུལ་སྣུམ་གྱིས་ཚབ་བྱས་ན་འགྲིག

    4. གཟུགས་པོ་འཁྲུད་བྱེད་ཀྱི་ཡི་ཙིས་བཀྲུ་དགོས། 

    “502”སྦྱར་རྩིས་ལག་པ་འབྱར་ཚེ་ཆུ་དྲོད་འཇམ་ཞིག་ནང་ལག་པ་སྦངས་དགོས་པ་དང་དེ་རྗེས་གཟུགས་པོ་འཁྲུད་བྱེད་ཀྱི་ཡི་ཙིས་བཀྲུས་ན་སྦྱར་རྩི་གཙང་མ་དག་ཐུབ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།