[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • འབྲས་བཀྲུས་པའི་ཁུ་བ་གང་བྱུང་དུ་མ་བཤོས། སྤྱོད་གོ་མང་པོ་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2021-12-13

    གྱོན་གོས་འཁྲུ་བ། 

    1.jpg

    གྱོན་གོས་འཁྲུ་སྐབས་འབྲས་ཁུའི་ནང་སྐར་མ་10ཙམ་སྦངས་རྗེས་དག་རྫས་བརྒྱབ་སྟེ་བཀྲུས་ན། གྱོན་གོས་གཙང་དག་ཐུབ་པ་དང་ལྷག་པར་དུ་གྱོན་གོས་དཀར་པོའི་རིགས་ལ་ཕན་ནུས་མངོན་གསལ་དོད་པོ་ཡོད། 

    ཨ་ཅོར་འཁྲུ་བ། 

    2.jpg

    ཨ་ཅོར་ཐོག་ཤིང་འབྲས་ཀྱི་ཁུ་བ་སོགས་འགོས་པ་དང་། ཡང་ན་རྔུལ་ཆུའི་དྲི་ངན་བྲོ་བ། ཡུན་རིང་བེད་སྤྱོད་བཏང་ནས་མཁྲེགས་པོ་ཆགས་ཚེ། ཡག་ཤོས་བྱུང་ན་ཨ་ཅོར་འབྲས་ཁུའི་ནང་རླངས་བཙོས་སྐར་མ་10བརྒྱབ་ན་ཨ་ཅོར་གཙང་མ་དང་མཉེན་པོ་ཆགས་པ་མ་ཟད་ད་དུང་ཨ་ཅོར་སྟེང་གི་དྲི་ངན་མེད་པ་བཟོ་ཐུབ། 

    དཀར་ཡོལ་དང་སྡེར་མ་འཁྲུ་བ།  

    3.jpg

    འབྲས་ཁུར་དྲེག་པ་དག་པའི་ནུས་པ་ལྡན་པའི་ཁར་རྫས་འགྱུར་འདུས་མེད་པས། དེས་དཀར་ཡོལ་དང་སྡེར་མའི་རིགས་བཀྲུས་ན་དག་རྫས་གཞན་ལས་ལེགས་པ་ཡོད། 

    ངོ་གདོང་འཁྲུ་བ།   

    4.jpg

    ཉིན་ལྟར་ཞོགས་པ་དང་དགོང་མོ་ཐེངས་རེར་འབྲས་ཁུ་ངོ་གདོང་ལ་བྱུགས་ཏེ་སྐར་མ་20ཙམ་འཕུར་འཕུར་བཏང་ནས་བཀྲུས་ན་ཤ་རྩི་དཀར་པོ་ཆགས་པ་མ་ཟད་འཇམ་པོ་ཆགས་ཀྱི་ཡོད། 

    བཀྲག་རྩིའི་དྲི་ངན་སེལ་བ།

    5.jpg

    བཀྲག་རྩི་བྱུགས་མ་ཐག་པའི་ཁྱིམ་ཆས་ལ་དྲི་མ་ངར་པོ་ཞིག་བྲོ་གི་ཡོད། དེས་ན། རས་མཉེན་པོ་ཞིག་འབྲས་ཁུའི་ནང་སྦངས་ཏེ། བཀྲག་རྩི་བྱུག་པའི་ཁྱིམ་ཆས་ཀྱི་སྟེང་དུ་བྱུགས་ནས་དུས་ཚོད་ཅུང་སོང་མཚམས་སུ། ཡང་བསྐྱར་ཕྱི་རས་གཙང་མ་ཞིག་གིས་གཙང་ཕྱིས་བཏང་ན་བཀྲག་རྩིའི་དྲི་ངན་སེལ་ཐུབ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།