[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • ལྷུན་གྲུབ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས།

    གཞི་ཁྱོན་ཅན་གྱི་འབྲི་གཡག་རྒྱགས་གསོའི་ལག་རྩལ་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-03-25

    ལྷུན་གྲུབ་རྫོང་གི་གཞི་ཁྱོན་ཅན་གྱི་འབྲི་གཡག་རྒྱགས་གསོའི་ལག་རྩལ་རིམ་སྤོར་དང་། ལག་རྩལ་དང་དོ་དམ་ཤེས་པའི་འབྲོག་ལས་ཐོན་སྐྱེད་ཀྱི་སྣེ་ཁྲིད་པ་གསོ་སྦྱོང་། གྲོང་གསེབ་དར་རྒྱས་གཏོང་བར་རམ་འདེགས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བཅས་བྱ་ཆེད། ཉིན་ཤས་གོང་། ལྷུན་གྲུབ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཕྱུགས་ལས་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་ཕུན་ཚོགས་དགྲ་འདུལ་གདན་དྲངས་ཏེ་གཞི་ཁྱོན་ཅན་གྱི་འབྲི་གཡག་རྒྱགས་གསོའི་ལག་རྩལ་གསོ་སྦྱོང་བྱས་པར། ལྷོ་རྒྱུད་ཀྱི་ཤང་དང་གྲོང་རྡལ་7གྱི་ཞིང་འབྲོག་པ་བསྡོམས་100ལྷག་ཙམ་ཞུགས་པ་རེད།

    གསོ་སྦྱོང་བྱེད་རིང་། ཕུན་ཚོགས་དགྲ་འདུལ་གྱིས་རྫོང་དེའི་ཞིང་འབྲོག་མང་ཚོགས་ཀྱི་འབྲི་གཡག་གསོ་སྤེལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གོ་བདེ་རྟོགས་སླའི་སྐད་ཆའི་ཐོག་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད་སློབ་ཚན་ཁྲིད་པ་དང་སྲོག་ཆགས་ཀྱི་ནད་ཡམས་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བརྒྱབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།