[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • ཉི་འོད་དྲོད་ཁང་ནང་དུ་ཀྲོ་མ་ཀྲུའུ་སེའུ་འདེབས་གསོའི་ལག་རྩལ་ངོ་སྤྲོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-12-29

    1.ཀྲོ་མ་ཀྲུའུ་སེའུ་ཡི་སོན་རྒྱུ་འདེམས་པ།

    སོན་མིང་། ཨུད་ཨུད།(འཇར་པན)ཚད་མེད་སྐྱེ་འཚར་རིགས་སུ་གཏོགས།  ཀྲོ་མ་ཀྲུའུ་སེའུ་རྡོག་གཅིག་གི་ཆ་སྙོམས་ལྗིད་ཚད་ཁེ་15ཡས་མས་ཙམ་ཡོད། འབྲས་ཚོམ་རེ་ལ་འབྲས་བུ་10ནས་12འདོགས་པ་དེའི་ཁ་དོག་དམར་སྨུག་འཚར་བ། སྤུས་ཀ་ལེགས་པ། དབོར་འདྲེན་བྱེད་བདེ་ལ་ཉར་འཇོག་བྱེད་སླ་པོ་ཡོད། དེ་རང་རེའི་ལྗོངས་ཀྱི་ཉི་འོད་དྲོད་ཁང་ནང་དུ་སྐྱེ་བཟང་བ་དང་འཕྲོད་པོ་ཡོད། ནུས་ཕྱོད་ཆེ་བའི་དྲོད་ཁང་ནང་དུ་སྡོང་པོ་གསར་འཛུགས་བྱས་རྗེས་ཧྲིལ་པོར་འབྲས་བུ་འདོགས་པས་ཚལ་ཁྲོམ་དུ་ལོ་ཧྲིལ་པོ་མཁོ་འདོན་བྱེད་ཐུབ་ཀྱི་ཡོད།།

    2.སོན་འདེབས་མྱུག་གསོ།

    དྲོད་ཁང་ནང་དུ་འདེབས་འཛུགས་བྱེད་པའི་སྐབས་སུ་སའི་མཐུག་ཚད་ལིའི་སྨི་25ཡན་དགོས་པ་དང་། དྲོད་ཁང་ནང་གི་ས་དྲོད་10℃ཡན་གྱི་མཐུན་རྐྱེན་ལྡན་པའི་འོག་གཞི་ནས་འདེབས་འཛུགས་བྱེད་ཆོག་པ་ཡིན། ས་བོན་ཆུ་དྲོན་འཇམ་ནང་སྦངས་ནས་དུག་སེལ་བྱ་དགོས། སྡོང་པོ་འཚར་ལོངས་ལེགས་གཉིས་ལ་གཞིགས་ཏེ་སྡོང་པོ་གཏན་འཁེལ་བྱེད་དགོས་པས་དགུན་དུས་སུ་དྲོད་ཁང་ནང་དུ་སོན་འདེབས་མྱུག་གསོ་བྱེད་པའི་སྐབས་སུ་སྡོང་སོན་ཉིན་70ཙམ་སོང་མཚམས་སུ་སྡོང་པོ་གཏན་འཁེལ་བྱེད་པ་དང་། དབྱར་དུས་སུ་སྡོང་སོན་ཉིན་45ཙམ་དུ་སྡོང་པོ་གཏན་འཁེལ་བྱས་ན་འཚམ་པོ་ཡོད། ས་རྒྱུའི་འཚོ་བཅུད་སྦྱོར་བསྲེས་བྱེད་སྟངས་ནི་ཆུ་ནང་གི་བྱེ་ཞིབ་དང་ར་ལུག་གི་རིལ་མ་6:1 བསྡུར་ཚད་ཐོག་རྫབ་ལུད་དང་ཞིང་ནང་གི་ས་ལུད་ཕྱེད་ཀ་བྱས་ཁར་1%ལིའུ་ཨན་དང་ལྦོན་སོན་ཨར་ཆིང་ཅཱ་ཁ་སྣོན་བརྒྱབ་ན་འགྲིག་པ་ཡིན། ས་བོན་འདེབས་པ་ནས་མྱུ་གུ་ས་ལ་མི་འདོན་པའི་བར་སའི་དྲོད་ཚད་20ནས་30℃བར་དགོས། དེའི་སྐབས་མཚན་མོར་དྲོད་ཚད་དམའ་ཤོས་10℃ལས་ཆག་རྒྱུ་མེད། མྱུག་གུ་ས་ལས་འབུས་རྗེས་ཉིན་མོར་དྲོད་ཚད་18ནས་22℃ཙམ་དགོས་པ་དང་མྱུ་གུའི་སྐབས་སུ་ས་ངོས་སྐམ་པོ་ཆགས་རྗེས་ཆུ་རྒྱག་པ་ལས་བརླན་བཤེར་སྟེང་ཆུ་རྒྱག་མི་རུང་། འདབ་ལོ་7ནས་8ཙམ་ལ་མེ་ཏོག་ཟེའུ་འབྲུ་ཤར་མཚམས་སྡོང་པོ་སྤོ་འཛུགས་བྱེད་དགོས།

    3.འདེབས་འཛུགས་ཆ་རྐྱེན་དང་སྡོང་པོ་གཏན་འཁེལ་བྱེད་པ།

    སྡོང་པོ་གཏན་འཁེལ་བྱེད་པའི་སྐབས་ས་དྲོད་འཕར་ཆག་མེད་པར་8℃ཙམ་ལ་བརྟན་པོར་གནས་དགོས་པ་ཡིན། མུའུ་རེ་ལ་ར་ལུག་རིལ་མ་ལིའི་ཧྥང་12དང་གཅིན་རྒྱུ་སྤྱི་རྒྱ་8བསྲེས་རྫས་འགྱུར་ལུད་སྤྱི་རྒྱ་15བཅས་ཞིང་ནང་གཏོར་རྗེས་གཏིང་ཚད་ལིའི་སྨི་30ཙམ་ལ་ས་སློག་ཐེངས་གཉིས་བརྒྱབ་ནས་ལུད་རྣམས་ས་ཞིང་ནང་སྙོམས་པོ་འདྲེས་ཐུབ་པ་དགོས། དངོས་ཡོད་གནས་ཚུལ་གཞིགས་ནས་ཞེང་ཚད་སྨི་0.6ནས་1དང་མཐོ་ཚད་ལིའི་སྨི་20ནས་30བར་གྱི་རྣང་མ་བཟོས་ནས་རྣང་མའི་ཐོག་སྡོང་པོ་སྟར་པ་གཉིས་འཛུགས་དགོས་པ་དང་སྡོང་པོའི་བར་ཐག་ལིའི་སྨི་45བཞག་ན་འཚམ་པོ་ཡོད་ཅིང་ཚང་མ་བཏབ་རྗེས་དེའི་ཐོག་ཏུ་འགྱིག་ཤོག་སྲབ་མོས་ཁེབས་གཡོག་དགོས།

    4.སྡོང་པོ་འཛུགས་པ་ནས་འབྲས་བུ་འདོགས་པའི་ཉིན་མོར་དྲོད་ཚད་20℃ནས་25℃བར་གནས་ཐུབ་པ་དང་། མཚན་མོ་དྲོད་ཚད་8℃ལས་མི་ཆག་པ་བྱེད་དགོས།

    ཡུར་བུའི་ནང་ཆུ་དྲངས་ནས་ཞིང་ཆུ་གཏོང་ཐེངས་རེ་ལ་རྣང་མ་རེ་རེར་རྫས་ལུད་ལིང་སོན་ཨར་ཆིང་ཅཱ་དང་མཉམ་བསྲེས་ལུད་ཁེ་100རྒྱག་རྒྱུ། སྒྲོམ་བཟོས་ནས་དུས་ཐོག་ཏུ་སྡོང་པོ་འདོགས་ཤིང་ཡལ་གའི་མྱུ་གུ་གསར་པ་རྣམས་འབྲེག་གཅོད་བྱེད་དགོས། ས་བོན་རིགས་དེ་ཟེའུ་འབྲུ་ལེན་པའི་ནུས་པ་ཆེ་ཙམ་ཡོད། གལ་ཏེ་ཟེའུ་འབྲུ་ལེན་པའི་དུས་སུ་གནམ་གཤིས་ཡག་པོ་མེད་ཕྱིན་སྨན་ཙོ་གོ་ལིང་དང་ལིང་སོན་ཨར་ཆིང་ཅཱ་24—Dསོགས་སྤྱད་དེ་ཟེའུ་འབྲུ་ལེན་པ་དང་། འབྲས་བུ་སྲུང་བའི་བྱ་ཐབས་སྤེལ་དགོས། སྨན་གཏོར་བའི་སྐབས་འབྲས་བུ་ཚོམ་བུའི་རྒྱབ་ཕྱོགས་ཤོག་བུས་བཀབ་ནས་སྨན་མི་ཐོར་བ་བྱེད་དགོས་པ་ནི་སྡོང་པོ་དང་འདབ་མའི་སྐྱེ་འཚར་ལ་འགོག་རྐྱེན་མི་ཡོང་བའི་ཆེད་དུ་ཡིན། སྡོང་པོ་འདེབས་འཛུགས་བྱས་ཏེ་ཉིན་60ནས་70སོང་འཚམས་སུ་འབྲས་བུ་བསྡུ་འགོ་ཚུགས་པ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།