[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>འཚོ་བ་དང་ཐོན་སྐྱེད་ཡོ་བྱད།
  • དགུན་དུས་འདྲུད་འཐེན་འཁོར་རིགས་ཆུང་གྲས་བདག་སྐྱོང་གང་འདྲ་བྱེད་དགོས་སམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-01

    དགུན་དལ་སྐབས་སུ་འདྲུད་འཐེན་འཁོར་རིགས་ཆུང་གྲས་བདག་སྐྱོང་ཡག་པོ་བྱ་རྒྱུ་ནི་འཕྲུལ་འཁོར་ལ་སྐྱོན་ཆགས་མི་ཡོང་བའི་སྔོན་འགོག་བྱེད་ཐབས་ཡག་ཤོས་ཤིག་ཡིན་སྟབས་འཕྲུལ་འཁོར་ལ་མཐར་ཕྱིན་པའི་སྒོ་ནས་ཞིབ་གཤེར་བཟོ་བཅོས་ཐེངས་གཅིག་བྱེད་དགོས། སྐྱོན་ཡོད་པའི་ལྷུག་བརྗེ་པོ་རྒྱག་དགོས་པ་སྟེ་དཔེར་ན་རླུང་སྣོད་ཀྱི་ཤུབས་དང་སྲུབ་མདའ་སོགས་ཡིན། དེ་བཞིན་ལེགས་སྒྲིག་བྱེད་དགོས་པ་ཁག་ལེགས་སྒྲིག་ཡག་པོ་བྱེད་དགོས་པ་དཔེར་ན་རླུང་སྒོའི་གསེང་དབྲག་དང་སྣུམ་རྒྱུག་སྣོན་ཤུགས་སོགས་སྙོམས་སྒྲིག་བྱེད་ཅིང་། གཙང་འཁྲུད་རྒྱག་དགོས་ངེས་ལ་གཙང་མ་འཁྲུ་དགོས་ཀྱི་ཡོད་པ་དཔེར་ན་རླུང་བུ་དང་། ཁྲའེ་ཡུ་སྣུམ། འཕྲུལ་འཁོར་གྱི་དྭངས་འཚག་ཡོ་བྱད་ལྟ་བུ་ཡིན་པ་དང་འདྲུད་འཐེན་འཕྲུལ་འཁོར་ལོའི་ལག་རྩལ་སྣང་ཚུལ་ཚད་ལྡན་ལེགས་པོ་ཡོང་བ་བྱས་ཏེ་སྣུམ་མི་ཟག་པ་དང་། ཆུ་མི་ཟག་པ། རླུང་མི་ཐོན་པ་བཅས་ཡོང་བ། ལྷུ་ལག་ཆ་ཚང་བ་དང་སྐྱོན་མེད་ཅིང་། ལེགས་སྒྲིག་ཡག་པོ་བྱུང་ཡོད་ཁར་འཇམ་འདྲེད་ཡག་པོ་ཡང་བྱེད་དགོས། སྒུལ་བྱེད་འཕྲུལ་འཁོར་གྱིས་ཐོན་པའི་ཤུགས་ཚད་དང་། སྣུམ་འགྲོ་ཚད། འཁོར་བའི་མགྱོགས་ཚད་བཅས་གཏན་འཁེལ་བའི་བླང་བྱ་ལྟར་མཐུནཡོད་པ། བཀོལ་སྤྱོད་བྱེད་པའི་ཁྲོད་རྒྱུན་ལྡན་མིན་པའི་སྐད་སྒྲ་མི་ཐོན་པ།  སྒྲུལ་བྱེད་འཕྲུལ་འཁོར་སློང་བདེ་བ། མྱུར་ཚད་སྙོམས་སྒྲིག་ཐིག་པོ་ཡོད་པ། འཁོར་བའི་མགྱོགས་ཚད་བརྟན་པོ་ཡོད་པ།དུ་ཁུང་ནས་དུ་བ་རྒྱུན་ལྡན་བཞིན་ཐོན་པ་དང་སྣུམ་ཞག་དང་དུ་དྲེག་མེད་པ། ཚད་ཡོངས་སུ་ལོན་པའི་ལས་ཀ་བྱེད་སྐབས་ཀྱི་ཆུའི་དྲོད་ཚད་དང་། སྣུམ་གྱི་དྲོད་ཚད།སྣུམ་ཤུགས་བཅས་ཚང་མ་རྒྱུན་ལྡན་ལྟར་ཡིན་པ། འབྱེད་མཐུད་ཡོད་བྱད་དང་། མགྱོགས་ཚད་སྒྱུར་སྒམ། ཁ་ལོ། བཀག་གཏོང་སོགས་ཀྱི་སྒྲིག་ཆས་ནུས་པ་རྒྱུན་ལྡན་ཡིན་པ། དབུར་རྡར་སྒུལ་སྐྱོད་བྱེད་པའི་སྒྲིག་ཆས་ཁག་ཚ་པོ་ཆགས་པའི་སྣང་ཚུལ་ཐོན་མེད་པ། གློག་སྒུལ་སྒྲིག་ཆས་རྒྱུན་ལྡན་ལྟར་འཁོར་ཐུབ་པ་སྟེ་གློག་ཕྱིར་མི་ཐོན་པ་དང་བརྡར་སྐད་མེད་པ། ཞོར་གཏོགས་སྒྲིག་ཆས་དང་གཤོར་གནོན་མ་ལག་གི་ལས་ཀ་རྒྱུན་ལྡན་ལྟར་བརྟན་པོ་ཡོད་པ་དང་བཀོད་སྤྱོད་བདེ་བླག་ངང་བྱེད་ཐུབ་པ་བཅས་ཡོང་བ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།