[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>འཚོ་བ་དང་ཐོན་སྐྱེད་ཡོ་བྱད།
  • སོན་འདེབས་འཕྲུལ་ཆས་བཀོལ་སྤྱོད་བྱེད་པའི་ནམ་དུས་ཡོལ་རྗེས་དུས་ཡོན་རིང་པོའི་ནང་དུ་ཉར་ཚགས་བྱས་ནས་སང་ལོའི་བཀོལ་སྤྱོད་བྱེད་པའི་ནམ་དུས་བར་དུ་བདག་གཅེས་ཡག་པོ་བྱེད་དགོས་པ་གཤམ་གསལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-10-11

    1.སོན་འདེབས་འཕྲུལ་ཆས་བཀོལ་སྤྱོད་ཚར་རྗེས་ངེས་པར་དུ་དེའི་སྟེང་གི་འདམ་རལ་གཙང་མ་བཟོ་དགོས་པ་དང་སོན་སྣོད་སྒམ་ནང་གི་སོན་འབྲུ་དང་ལུད་ལྷག་མ་རྣམས་གཙང་ཕྱིས་ཡག་པོ་རྒྱག་དགོས་ཤིང་། ལྷག་པར་དུ་ལུད་སྣོད་སྒམ་ནང་གི་ལུད་ཚང་མ་ཆུས་གཙང་བཤལ་ཡག་པོ་བཏང་རྗེས་ད་དུང་གཙང་ཕྱིས་ཐེངས་གཅིག་རྒྱག་དགོས་པ་དང་དེ་ནས་སྣོད་སྒམ་ནང་དུ་རུལ་འགོག་གི་བྱུག་རྫས་གཏོར(སུའུ་ལེའོ་སྣོད་སྒམ་ཕུད)དགོས།

    2.སོན་འདེབས་འཕྲུལ་ཆས་ཀྱི་ལྷུ་ལག་སྐྱོན་ཤོར་བ་དང་བརྡར་ཟད་ཐེབས་ཡོད་མེད་བརྟག་དཔྱད་བྱེད་པ་དང་དགོས་ངེས་ཡོད་ཚེ་བརྗེ་པོ་རྒྱག་པའམ་ཡང་ན་བཟོ་བཅོས་རྒྱག་དགོས། གལ་སྲིད་རྩི་ལྤགས་བུད་ཡོད་སར་ཡང་བསྐྱར་བཀྲག་རྩི་བྱུགས་དགོས།

    3.སོན་འདེབས་འཕྲུལ་ཆས་བེད་སྤྱོད་བཏང་ཚར་རྗེས་ཟླུམ་ཅན་གྱི་ཤོལ་ལྕགས་ཡིན་ན་ངེས་པར་དུ་ཤོལ་ལྕགས་མར་བཀྲོལ་ནས་ས་སྣུམ་གྱིས་སྙུང་གཟུགས་ཀྱི་ཕྱི་ངོས་དང་ཟླུམ་ཅན་འཁོར་ལོ་དང་དེ་མིན་གསོར་འབིགས་སོགས་གཙང་མ་བཀྲུས་ནས་སྣུམ་སེར་བླུག་ནས་སྒྲིག་སྦྱོར་ཡག་པོ་བྱེད་དགོས། གལ་སྲིད་བཟོ་ལྟ་འགྱུར་ཡོད་ན་ངེས་པར་དུ་སྙོམས་སྒྲིག་བྱེད་དགོས་ཤིང་། གལ་ཏེ་ཟླུམ་འཁོར་གྱི་སྲོག་ཤིང་གི་བར་མཚམས་ཆེ་འདྲགས་ན་སོར་འབིགས་དབར་གྱི་སྲབ་གདན་སྙོམས་སྒྲིག་བྱེད་ཐབས་ལ་བརྟེན་ནས་ལེགས་སྒྲིག་བྱེད་དགོས།

    4.སའི་ནང་གི་ལས་ཀ་བྱེད་ཆས་དཔེར་ན་ཤོལ་ལྕགས་དང་རྣང་བཅད་ཡོ་བྱད་སོགསགཙང་མ་གཙང་རྐྱང་བཟོས་རྗེས་སྣུམ་སེར་རམ་འཕྲུལ་འཁོར་གྱི་སྣུམ་སྙིགས་བྱུགས་ནས་བཙའ་མི་རྒྱག་པ་བྱེད་དགོས།

    5.སོན་འདེབས་འཕྲུལ་འཁོར་གྱི་འཇོག་གནས་ནི་ས་ཆ་སྐམ་ས་དང་རླུང་འགྲོ་ཡོད་པའི་ཁང་སྦུག་ནང་འཇོག་དགོས་པ་ལས་ཐོག་མེད་སར་འཇོག་མི་ཉན། འཕྲུལ་འཁོར་གྱི་སྒྲོམ་སྐྱོར་བརྟན་པོ་འཇོག་དགོས་པ་དང་ཤོལ་ལྕོགས་དང་ས་འགེབས་ཡོ་བྱད་ལ་ངེས་པར་དུ་རྩབ་གདན་གཏིང་ནས་ས་ལ་ཐད་ཀར་འཇོག་རྒྱུ་མེད།

    6.སོན་འདེབས་འཕྲུལ་ཆས་སྟེང་གི་འགྱིག་གི་སོན་རྒྱུགས་འགྲོ་བའི་སྦུ་གུ་དང་རྫས་ལུད་རྒྱུགས་འགྲོ་བའི་སྦུ་གུ་སོགས་མར་མར་བཀྲོལ་ནས་གཙང་མ་ཕྱིས་ཏེ་མཉམ་ཏུ་བསྡམས་ནས་སོན་སྒམ་ནང་དུ་བླུགས་པའམ་ཡང་ན་གྱང་སྟེང་དུ་དམིགས་བཀར་བཀལ་དགོས། སྦུ་གུའི་ནང་དུ་བྱེ་མ་དང་རྩྭ་སྐམ་པོ་སོགས་བླུགས་ན་སྦུ་གུ་བཙིར་བའམ་ཡང་ན་ལྟེབ་སྙིགས་ཐེབས་ནས་བཟོ་ལྟ་མི་འགྱུར་བར་ཕན་པ་ཡོད།

    7.ཤོལ་ལྕགས་སྟེང་གི་མར་སྣོན་པའི་ལྡེམ་རྩིབ་དེ་དག་ལྷུག་པོར་རང་འགར་འཇོག་དགོས།

    8.སོན་འདེབས་འཕྲུལ་འཁོར་དུས་ཡོན་རིང་པོའི་ནང་ངལ་གསོར་བཞག་རྗེས་སོན་འདེབས་ཀྱི་ནམ་དུས་སུ་མ་སླེབས་གོང་ལ་སྔ་སྣུར་དུ་བརྟག་དཔྱད་ཉམས་བཟོ་ཐེངས་གཅིག་བྱས་ནས་འཕྲུལ་འཁོར་ནུས་པ་རྒྱུན་ལྡན་ལྟར་སླར་གསོ་ཡོང་བ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།