[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>འཚོ་བ་དང་ཐོན་སྐྱེད་ཡོ་བྱད།
  • ​ཞིང་སྤྱོད་རླངས་འཁོར་རྒྱུན་ལྡན་གྱི་གཙོ་གནད་བདག་སྐྱོང་བྱེད་ཐབས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-08-28

    རླངས་འཁོར་བདེ་སྤྱོད་བྱེད་པའི་བརྒྱུད་རིམ་ནང་བཀོད་སྤྱོད་ནུས་པར་བརྡར་ཟད་ཐེབས་པ་དང་། བཟོ་ལྟ་འགྱུར་བ། བསླད་ཐེབས་པ། ལྷུག་ལྷུག་ཆགས་པ། འཕྲུལ་ཆས་རམ་འདེབས་བར་ལ་འགྱུར་ལྡོག་སོང་བ་སོགས་ཀྱིས་རྐྱེན་པས་རླངས་འཁོར་གྱི་ལག་རྩལ་ནུས་པ་དང་ལས་ཀའི་ནུས་ཤུགས་ཆག་ནས་འཕྲུལ་འཁོར་མེ་སྤོར་ཁག་པ་དང་། ནུས་ཚད་མི་འདང་བ། སྣུམ་གྲོན་ཆེ་བ་ཐ་ན་སྐྱོན་ཤོར་བའམ་ལས་འཛོལ་ཐོན་སྲིད།

    1.དམ་པོ་དགོས་པ། ལྗིད་ཐེག་འཁུར་ནུས་དང་དེ་མིན་བྱུས་ཉེས་ཆེན་པོ་ཐོན་སླ་བའི་དམ་པོ་བསྡོམས་དགོས་པའི་སྦྲེལ་བྱེད་བཅུད་གཟེར་ན་རླངས་སྣོད་ཁེབས་གཅོད་དང་། སྦྲེལ་མདའི་འཁོར་རྟེན། ཤུགས་འདེད་འཁོར་ལོ་སོགས་གཏན་འཁེལ་བའི་སྦྲེལ་བྱེད་གཅུད་ཟེར་ལ་བསྡོམས་ཤུགས་ཚང་མར་རེ་བ་ནན་པོ་ཡོད་ལ་ངེས་པར་དུ་གཏན་འཁེལ་ལྟར་དམ་པོ་བསྡོམས་དགོས་ཀྱི་ཡོད། རླངས་འཁོར་གསར་པའམ་ཡང་ན་བཟོ་བཅོས་ཆེན་པོ་བྱས་རྗེས་རླངས་འཁོར་ཐོག་གི་སྦྲེལ་བྱེད་གཅུད་གཟེར་འགའ་རེ་ལརླངས་སྣོད་སྦྲེལ་བྱེད་གཅུད་ཟེར་ལྟ་བུཚོད་ལྟའི་འཁོར་སྐྱོད་བྱས་རྗེས་ཐོག་མའི་ལྷུག་པོ་ཚོད་ལྟར་ཆགས་འགྲོ་བས་ངེས་པར་དུས་ཐོག་ཏུ་དམ་པོ་བསྡོམས་དགོས།

    2.འཇམ་འདྲེད། དུས་ཐོག་ཏུ་འཇམ་འདྲེད་སྣུམ་དང་འཇམ་འདྲེད་ཚི་ལུ་བླུག་དགོས་ལ་བླུག་པའི་སྐབས་སུ་གཙང་སྦྲར་གཟབ་ནན་དང་འཛིར་ཐོན་མི་ཡོང་བ་བྱེད་དགོས།

    3.གཙང་སྦྲ། རླངས་འཁོར་གྱི་ཕྱི་ངོས་གཙང་སྦྲ་རྒྱུན་འཁྱོངས་བྱེད་དགོས་ལ་ནང་ལོག་གི་གཙང་སྦྲ་བྱེད་སྐབས་ལུགས་མཐུན་གྱི་དྭགས་རྫས་སྤྱོད་རྒྱུ་ཡིད་གཟབ་བྱེད་པ་དང་གཙང་སྦྲ་བྱེད་ཐབས་མི་ནོར་བ་བྱེད་དགོས།

    4.ལེགས་སྒྲིག  ནན་ཏན་གྱིས་གཏན་ལ་འཁེལ་བའི་ལུགས་སྲོལ་བཞིན་ལག་རྩལ་གྱི་བདག་སྐྱོང་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།