[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>འཚོ་བ་དང་ཐོན་སྐྱེད་ཡོ་བྱད།
  • དབྱར་དུས་ཁྱིམ་སྤྱོད་གློག་ཆས་ཚ་པོ་མི་ཆགས་པ་གང་འདྲ་བྱེད་དགོས་སམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-06-30

    དབྱར་དུས་ཀྱི་དྲོད་ཚད་མཐོ་བའི་གནམ་ཤིས་ཡོན་རིང་བའི་དབང་གིས་བཀོལ་གྲངས་མང་བའི་ཁྱིམ་སྤྱོད་གློག་ཆས་རྣམས་ཀྱང་མི་དང་འདྲ་བར་ཚ་འདུག་ཕོག་ནས་དེ་ལ་ཡང་ཆག་སྐྱོན་འབྱུང་སླ་པོ་ཡོད། གནམ་ཤིས་ཚ་བ་ཆེ་བའི་སྐབས་སུ་མི་མང་པོ་ཞིག་གིས་དྲོད་གྲང་སྙོམ་ཆས་ཀྱི་དྲོད་ཚད་དེ་ཧ་ཅང་དམའ་པོ་བཟོས་ནས་སྡོད་ཀྱི་ཡོད། དེ་འདྲ་བྱས་ཚེ་འཕྲུལ་ཆས་རང་ངོས་ཀྱི་སྤྱོད་ཚད་དང་བདག་སྐྱོང་ལ་ཤུགས་རྐྱེན་ཐེབས་སྲིད་པ་མ་ཟད། དུས་ཡོན་རིང་པོར་དྲོད་གྲང་སྙོམ་ཆས་ཀྱི་དྲོད་ཚད་དམའ་བའི་ཁོར་ཡུག་ཏུ་བསྡད་ཚེ་མིའི་ལུས་ཁམས་ལ་ཡང་ཤུགས་རྐྱེན་མི་ལེགས་པ་ཕོག་གི་ཡོད་པས་དྲོད་གྲང་སྙོམ་ཆས་ཀྱི་དྲོད་ཚད་དམའ་དྲགས་རྒྱུ་མེད་པ་ཡིད་ལ་བརྟན་པོར་བཅངས་དགོས། འཁྱམས་སྒམ་ནི་ཆུ་ཚོད་༢༤ཡི་རིང་གློག་རྒྱུན་མི་ཆད་པར་སྤྱོད་པའི་ཁྱིམ་སྤྱད་གློག་ཆས་ཤིག་ཡིན་པ་དང་། སྤྱོད་ཚད་མཐོ་བའི་སྐབས་སུ་འཁྱམས་སྒམ་གྱི་སྒོ་ཕྱེ་རྒྱུ་ཉུང་ཙམ་བྱེད་དགོས། མ་གཞིའི་མནོན་བཙིར་སྒྲིག་ཆས་ཡང་ཡང་འཁོར་སྒྲུལ་མི་གཏོང་བར་འཁྱམས་སྒམ་གྱི་བཀོལ་ཡུན་ལ་གནོད་པ་མི་ཡོང་བ་གང་ཐུབ་བྱེད་དགོས། དབྱར་དུས་འཁྱམས་སྒམ་ནང་དུ་བ་མོ་མཐུག་པོ་ཆགས་པའི་གནས་ཚུལ་ཐོན་གྱི་ཡོད། དེས་ན་འཁྱམས་སྒམ་ནང་བཞག་པའི་སྔོ་ཚལ་དང་། ཤིང་ཏོག་རྣམས་ཡག་ཤོས་བྱུང་ན་གསོས་ཉར་འགྱིག་ཤོག་ནང་བཏུམ་ནས་ངོས་ཀྱི་ཆུ་རླངས་ཀྱིས་འཁྱམས་སྒམ་ནང་བ་མོ་ཆགས་ཏེ་གྲང་བཟོར་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས།  དབྱར་དུས་སུ་རྩིས་འཕྲུལ་ནི་དྲོད་གྲང་སྙོམ་ཆས་ཡོད་པའམ་རླུང་རྒྱུ་ལེགས་པའི་ཁང་པའི་ནང་དུ་འཇོག་དགོས་པ་དང་རྩིས་འཕྲུལ་འཁོར་སྐྱོད་ཀྱི་དྲོད་ཚད་ལེགས་ཤོས་ནི་༢༢℃ཡིན་ཞིང་། བེད་སྤྱོད་དུས་ཚོད་རིང་དྲགས་རྒྱུ་མེད། རྩིས་འཁོར་གྱི་ཚ་སེལ་དེ་གཙོ་བོ་འཕྲུལ་ཆས་ནང་གི་རླུང་གཡབ་ལ་བརྟེན་གྱིས་ཡོད། སྒྲོམ་སྟེགས་སྟེང་འཇོག་རྒྱུའི་རྩིས་འཕྲུལ་གྱི་རྒྱབ་ངོས་སུ་སྟོང་པ་གང་འཚམ་འཇོག་དགོས་པ་དང་། དེ་འདྲ་བྱས་ཚེ་ཚ་སེལ་ལ་ཕན་པ་ཡོད།  ཟིན་དེབ་རྩིས་འཕྲུལ་གྱི་ཚ་སེལ་ཁུང་བུའི་འགྲམ་དུ་བཀག་དངོས་མེད་པ་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།