[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སྐད་ཡིག་སློབ་ཁྲིད།
  • ཁྱེད་ཀྱིས་བོད་ཡིག་གི་སྐུང་ཡིག་ཀློག་ཤེས་སམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-07-11

    སྐུང་ཡིག་ནི་ཡི་གེ་བསྡུས་ནས་བྲིས་པའི་དོན་ཏེ། བོད་ཡིག་གི་ཚེག་ཁྱིམ་གཉིས་སམ་བཞི་ཡན་ལས་གྲུབ་པའི་མིང་ཚིག་ཁག་གཅིག་ཚེག་ཁྱིམ་གཅིག་ལ་བསྒྲིལ་བའམ་བསྡུས་ནས་འབྲི་བའི་སྲོལ་ལ་སྐུང་ཡིག་གམ་བསྡུས་ཡིག་ཟེར།

    010203.jpg

    འཛམ་གླིང་ཐོག་གི་སྒྲ་སྦྱོར་ཡིག་རིགས་མང་པོར་སྐུང་ཡིག་འབྲི་སྲོལ་ཡོད་མོད། ཡི་གེ་སྐུང་ལུགས་དང་སྐུང་ཡིག་གི་སྒྲ་འདོན་ལུགས་ཧ་ལམ་མི་འདྲ་བ་སྟེ། དབྱིན་ཡིག་ལ་མཚོན་ན། ཚེག་ཁྱིམ་དང་ཡང་ན་མིང་ཚིག་སོ་སོའི་ཡིག་འབྲུ་དང་པོས་ཡིག་འབྲུ་བྱིངས་ཀྱི་ཚབ་བྱས་ཏེ་བསྐུངས་ལ་དཔེར་ན། WORLDTRADEORGANIZATION འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཞེས་པ་ལྟ་བུ་ཚེག་ཁྱིམ་མམ་ཡང་ན་ཚིག་སོ་སོ་ཡིག་འབྲུ་དང་པོ། W T Oགསུམ་ བསྐུངས་ནས་WTOགྲུབ་པ་དང་། ཀློག་པའི་སྐབས་ལ་ཡང་ཡིག་འབྲུ་གསུམ་པོའི་སྒྲ་རང་སོར་བཏོན་ན་འགྲིག

    011.jpg

    འོན་ཀྱང་བོད་ཡིག་གི་སྐུང་ལུགས་དེ་ལྟར་མིན། མིང་ཚིག་གཅིག་ལ་ཚེག་ཁྱིམ་གཉིས་སམ་གསུམ་ཇི་ཙམ་ཡོད་ཀྱང་། ཚེག་ཁྱིམ་ཕྱི་མ་རྣམས་ཀྱི་དབྱངས་འདོགས་འཕུལ་རྟེན་ནམ་མིང་གཞི་བཅས་ཀྱི་ཡིག་འབྲུ་གང་དགོས་ཤིག་ཚེག་ཁྱིམ་དང་པོར་སྦྱར་ནས་འབྲི་དགོས་པ། དཔེར་ན། བཀྲ་ཤིསདངབདེ་ལེགསལྟ་བུ་སྐུང་ཡིག་ཚུལ་དུ་བྲིས་ན། བཀྲ་ཤིསཀྱི་ཚེག་ཁྱིམ་གཉིས་པཤིསདངབདེ་ལེགསཀྱི་ཚེག་ཁྱེམ་གཉིས་པལེགསསོ་སོའི་དབྱངས་དང་རྗེས་འཇུག་ཚེག་ཁྱིམ་དང་པོའི་ཐོག་སྦྱར་ནསབཀྲིསདངབདེཻགསལྟ་བུ་ཡི་གེའི་སྡེབ་ཚུལ་ཚེག་ཁྱིམ་གཅིག་ཏུ་བསྡུས་ནས་འབྲི་དགོས།འོན་ཀྱང་ཀློག་པའི་སྐབས་སུ་བཀྲ་ཤིས་དང་བདེ་ལེགས།ཞེས་བསྐུང་བྱའི་ཚེག་ཁྱིམ་ཇི་ཡོད་ཀྱང་སྒྲ་གདངས་ཇི་མ་ཇི་བཞིན་དུ་ཀློག་དགོས་པ་དེ་ནི་བོད་ཡིག་སྐུང་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད།གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་བུར་མཚོན་ནཤེསཀྱི་རྗེས་འཇུགདོར། རབཀྱི་རྗེས་འཇུགདོར།བ་ཤེ་ལ་ཡར་སྦྱར་ནསཤེརགྲུབ། ཕ་རོལ་ཏུ་ཕྱིན་པཕྱིནགྱི་མཚོན་པར་བྱས་ནསཤེར་ཕྱིནཞེས་སུ་བསྡུ་སྲོལ་ཡོད་ལ། ཟླ་བ་ཚེ་རིང་ལྟ་བུ། ཟླ་བའིདོར། ཚེ་ཡི་འབྲེང་བུ་དོར་ནས་རིང་གི་གི་གུ་ཡར་སྦྱར། རངདོར་ནསཟླ་ཚིངཞེས་སུ་སྐུང་བ་ཡང་ཤིན་ཏུ་མང་ངོ་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།